e-texts navigator
Collection
Volume
Page
Wylie

100a1 བཅས་པ་རྣམས། ། བརྡའི་ཚུལ་དུ་བྲིས་ནས་ནི།། ར་རྣམས་ཁྱད་པར་བགོད་པར་བྱ།། དེ་ནས་རོ་ཡི་ཕུང་པོ་།། རྟེན་ནམ་གླེགས་སམ་སྟེངས་བུ་ཡི།། སྟེང་དུ་མཁས་པས་གཞག་པར་བྱ།། ཐབ་ཀྱི་ཆོག་བརྩམ་པ་ནི།།
100a2 མཎཌལ་འཁོར་ཁྱུད་ཙམ་ཞིག་ལ།། དཀྱིལ་འཁོར་གང་དང་གང་ཡིན་པའི།། ཕྱག་རྒྱ་བཞུགས་པའི་ཕོ་བྲང་དག། ཐིག་གིས་ཡུལ་བཅད་སོ་སོར་བྱ།། དེ་ཡི་སྟེང་དུ་ཤིང་བརྩིག་པ།། དབྱིབས་ནི་གྲུ་བཞི་གཏམས་པ་ལ།།
100a3 བཞི་ཀ་བ་བཞིས་བརྟན་བྱ།། སུམ་རྩེག་ཡང་ཐོག་པར་ཁང་བཅས།། མཐའ་མ་ཤིང་གིས་བརྫང་བར་བྱ།། བར་ཁང་དག་གི་གླེགས་མ་ལ།། རོ་ཡི་བཞིན་ཕྱོགས་ཤར་དུ་བསྟན།། རོ་ཡི་སྟེང་གི་ཁང་པ་ལ། རས་སམ་ཤེག།
100a4 ཤོ་ག་ལ་བྲིས་པའི།། ཕྱག་རྒྱའི་དཀྱིལ་འཁོར་གསལ་བར་དགོད།། རོ་ཁང་གློ་སྐར་བཞི་ཕྱེ་ལ།། ཐུགས་རྗེ་གཟུངས་ཐག་བཞིས་བཏགས་ནས།། ཕྱོགས་བཞི་བླ་མ་བཞི་ལ་དབུལ།། ཤིང་གི་ཆོ་ག་རྫོགས་པ་དང་།། ཤིང་གི
100a5 བྱི་མཐའ་སྟེགས་བུ་ལ། ། ཕྱག་རྒྱའི་ལྷ་རྣམས་རིམ་པར་དགོད།། སྟེགས་བུ་རྫོགས་པར་གྱུར་པ་དང་།། རྡོ་རྗེ་ལས་ཀྱི་སྒོས་གདབ་པ།། རྡོ་རྗེ་རྒྱལ་པོ་བླ་མ་ལ།། འཁོར་བ་བསྲེག་པའི་མངའ་གསོལ་ཏེ།། ཏིང་འཛིན
100a6 ཡེ་ཤེས་རྩེ་གཅིག་པས། ། མེ་ཡི་འདུ་འཕྲོ་རྒྱུན་དུ་བྱ།། རྡོ་རྗེ་ལས་ཀྱི་ཀརྨ་ལ།། ལས་རྣམས་རྫོགས་པའི་མངའ་གསོལ་ཏེ།། ལས་ཀྱི་ཕྲེང་བ་རྫོགས་པར་བྱ།། རྡོ་རྗེ་ཆེན་པོའི་བླ་མ་ཞིག། རོ་ཡི་ཉེས་པའི་མཐུ
100a7 བཟུང་ནས། ། ལས་ཀྱི་བསགས་པ་བགྲང་ཞིང་བཤགས།། རྡོ་རྗེ་སྐབས་སྦྱར་བླ་མ་ཡིས།། བདུད་རྩི་སྐབས་ཀྱི་མཆོད་པ་སྒྲེང་།། རྡོ་རྗེ་བྲོ་གར་གླུ་ཚིག་གིས།། སྐབས་ཀྱི་གླུ་གར་མཆོད་པ་དག། རོལ་མོས་གྲངས་སྟེ།
100a8 དབུལ་བར་བྱ།། རྡོ་རྗེ་གནས་ཀྱི་སྨོན་ལམ་ནི།། སྐབས་དང་ལས་ཀྱི་འཇུག་ཏུ་གདབ།། རྡོ་རྗེ་ལས་ཀྱི་ལྟད་འཛིན་པས།། རྩ་བརྒྱད་ལས་ཀྱིས་གྲངས་བཟུང་སྟེ།། དཀར་བྱང་བླ་མའི་ཕྱག་དུ་དབུལ།། རོ་ཡི་ལས་ངན།




iiif viewer powered by OpenSeadragon

99b - 100b

Texts on this page

Q454 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo