| | e-texts navigator
|
339b1 གསོལ་པ། གང་ཟག་ལ་ལ་དག་རྣལ་འབྱོར་པ་ཚོགས་ཀྱི་ཡོ་ཀྱད་ཀྱི་ཚིགས་སུ་བརྫེས་པ་ལ་སེར་སྣས་གསོག་འཇོག་བགྱིད་པ་དག་མཆིས་ན་ངའི་རྣམ་པར་སྨིན་པ་ཇི་ལྟ་བུར་འགྱུར་བ་ལགས། ག་བ་པོ་ཤི་དག་པོས་བཀའ་སྩལ་པ།
339b2 བའི་སེང་གེ་གསང་བའི་ཚོགས་ཆེན་པོར་བསྔོས་པའི་ཡོ་བྱད་ལ་སེར་སྔས་གསོག་འཇོག་བྱེད་ཅིང་གཅིག་གི་ཡིད་གཅིག་གིས་འབྱིན་པར་བྱེད་པའི་གང་ཟག་དེ་ན་ནམ་ཞར་ལོངས་སྤྱོད་ཐམས་ཅད་དང་བྲས་ཏེ་ཡི་དགས་ཀྱིའི་ལུས་སུ་བྱའོ།།
339b3 ང་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་ད་དྲན་པ་ཐོག་སའི་ཚེ་རྣལ་འབྱོར་བདེ་ལྡན་ཞེས་བྱ་བ་ཞིག་ཆོམ་བུ་འབུམ་དང་བཅས་པ་གསང་བ་རྒྱ་སྐྱེད་པ་ལས། དེའི་འཁོར་ན་བུད་མེད་བཟང་ལྡན་ཞེས་བྱ་བའི་རྣལ་འབྱོར་མ
339b4 ཞོག་ཚོགས་སྤྱོད་པའི་གང་དུ་བསྐོས་པ་ལས་ཡོ་བྱད་ཕུན་སུམ་ཚོགས་པ་ལ་སེར་སྣའི་དབང་གིས་གསོག་འཇོག་བྱས་སོ། ། དེའི་ཚེ་དེའི་རྣམ་པར་སྨིན་པས་ཡི་དགས་ཀྱི་ལུས་སུ་སྐྱེས་ནས་ལོངས་སྤྱོད་ཀྱིས་བྲེལ་ཞིང་འཕོངས་པར་གྱུར
339b5 ཏོ། ། དེ་བས་ན་དེ་བཞིན་དུ་ཤེས་པར་བྱའོ།། དེ་ནས་ཡང་སྨྲ་བའི་སེང་གེས་གསོལ་བ། གལ་ཏེ་གང་ཟག་ལ་ལ་དག་རྣལ་འབྱོར་ཀྱི་འོཀས་ལོག་པ་ཅན་གྱི་སྤྱི་བརྟོལ་དང་། ཁྲོ་གཏུམ་ཆེ་བའི་སྡིག་པ་སྤྱོད་ཅིང་དོན་དང་མི་ལྡན་ཡང་།
339b6 བདག་རྣལ་འབྱོར་པའོ་ཞེས་པ་བ་ཆོལ་དུ་བཀའ་ཆུ་ཞིང་སླུ་བར་བྱེད་པ་དེ་ནི་རྣམ་པར་སྨིན་པ་ཇི་ལྟ་བུ་ལགས། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། སྦ་བའི་སེང་གེན་སློད་ཕོག་པས་རྣབ་འབྱོར་དུ་འ་ས་འཆེས་པ་དེ་ནི
339b7 མུ་སྔགས་ཆེན་པོའི་རིགས་སུ་སྐྱེ་བར་འགྱུར། དེ་ཡོད་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་དྲན་པ་ཐོག་མའི་ཚེ་དོན་ལ་མི་མཁས་པའི་དགེ་སློང་བྲ་མ་དེ་བ་ཞེས་བྱ་བ་ཞིག་གིས་བདག་ནི་ཡང་དག་པའི་ལམ་ལ་མཁས
339b8 པའོ་ཞེས་ཀུན་ལ་གྲགས་ནས་ཚོགས་ནི་བསྐྱངས། སྤྱི་བཏོལ་དང་ཁྲོ་གཏུམ་ཀྱིས་སྡིག་པ་སྤྱད་པའི་རྣམ་པར་སྨིན་པས་མུ་སྟེགས་ཀྱི་སྤྱོད་པའི་ཁམས་སུ་ལྟུང་བར་གྱུར་རོ།། དེ་བས་ན་དེ་བཞིན་དུ་ཤེས་པར་བྱའོ།། ཡང་ས
iiif viewer powered by OpenSeadragon
339a - 340a