| | e-texts navigator
|
337b1 དགེ་ལྡན་ཞེས་བྱ་བ་ཞིག་ནི་རྒྱུའི་ཐེག་པ་ལ་དད་པར་འགྱུར་རོ། ། དེའི་ཚེ་བྲལ་ཟོའི་བུ་དེ་གཉིས་ཐ་ཚིགས་བཅས་ཏེ་དགེ་ལྡན་གྱིས་མཆོད་སྦྱིན་བཟང་པོ་རྒྱ་ཆེར་སྤེལ་ལོ།། གསལ་ལྡན་གྱིས་ནི་ཚོགས་མཆོད་རྒྱ་ཆེར་བྱས་སོ།། དེ་ཉིད
337b2 ཀྱི་འབྲས་བུའི་ཁྱད་པར་ནི་སྔགས་སྤྱོད་པའི་བྲམ་ཟེ་གསལ་ལྡན་ནི་ཚེ་དེ་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། ། འཐེག་པ་ལ་སྤྱོད་པའི་དགེ་ལྡན་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་བྱས
337b3 ནས་འབྲས་བུ་ཐོབ་པ་དེ་བཞིན་དུ་ཤེས་པར་བྱའི། ཡང་སྨྲ་བའི་སེང་གེས་གསོལ་པ། གསང་བའི་ཐེག་པའི་མདོ་འདི་དག་ཏུ་འཆར་བའི་གང་ཟག་དེའི་རྣམ་པར་སྨིན་པ་རྡོལ་བུར་འགྱུར་བ་ལགས། གསང་བ་མཆོག་གི་བདག
337b4 པོས་བཀའ་སྩལ་པ། སྨྲ་བའི་སེང་གེ་མདོ་འདི་རྟག་ཏུ་འཆང་ཞིང་འཛིན་པ་དེ་ནི་དཔལ་རྡོ་རྗེ་སེམས་དཔའ་ཆེ་བའི་ཡོན་ཏན་གྱི་གཟུངས་དང་བཅས་པ་ཐོབ་པ།། དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཤེ་ན། སྔོན་འདས་པའི
337b5 དུས་དྲན་པ་ཐོག་པའི་ཚེ། ཁྱིམ་བདག་དད་པ་ཅན་མེས་སྦྱིན་བྱ་བ་དེ་ཚོམ་བུ་བརྒྱ་དང་བཅས་པས་གསང་བའི་ཐེག་པའི་མདོ་འདི་རྒྱུན་རྟག་པར་བཅངས་པས་དཔལ་རྡོ་རྗེ་སེམས་དཔའི་འཁོར་དང་བཅས་པ་ཅི་འདྲ་བར་ཚེ
337b6 འདི་ཉིད་ཀྱིས་ངེས་པར་ཐོབ་ཅིང་མི་བརྗེད་པའི་གཟུངས་ཐོབ་པའོ། ། དེ་བཞིན་དུ་ཤེས་པར་བྱའོ།། །། ཡང་སྨྲ་བའི་སེང་གེས་གསོལ་བ། གསང་བའི་མདོ་འདིའི་དོན་རྟོགས་ནས་གཞན་དག་ལ་སྨྲས་པར་བྱེད་པ
337b7 དེའི་ཡོན་ཏན་ཇིལ་བུ་ལགས་ལུང་བསྟན་དུ་གསོལ། ། གསང་བ་མཆོག་གི་བདག་པས་བཀའ་སྩལ་པ། སྨྲ་བའི་སེང་གེགསང་བའི་མདོ་འདིའི་དོན་རྟོགས་རས་གཞན་སྡོད་དང་ལྡན་པའི་འགྲོ་བ་ལ་བསྟན་ཏམ།
337b8 བཤད་ཆོས་ཀྱི་རྒྱལ་པོར་འགྱུར་ཏེ་དེ་ཉིད་དང་འདྲ་བར་འགྱུར་རོ།། དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཤིད། སྔོད་འདས་པདུས་བདྲད་པ་ཐོག་མ་ལ་ཇོ་རྣ་ལ་འབྱོར་ལ་གནས་པའི་དྲང་སྲོང་ཀ་པ་ཡ
iiif viewer powered by OpenSeadragon
337a - 338a