e-texts navigator
Collection
Volume
Page
Wylie

337a1 པོ་དང་བྲལ་ཟེ་གཉིས་འབྲས་བུ་ན་མན་མེད་པ་བབ་པ་བཞིན་དུ་ཤེས་པར་བྱའོ། ། ཡང་སྨྲ་བའི་སེང་གེས་གསོལ་བ། གསང་བའི་ཐེག་པ་ནི་ས་པ་མཐང་ཕྱིན་པ་འདི་ཡོན་ཏན་གྱི་ཁྱད་པར་ཇིལ་བུ་ལགས
337a2 གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། གསང་བའི་ཐེག་པ་འདིའི་བསླབ་པ་མཐར་བྱིན་པའི་ཁྱད་པར་གྱིས་ཐེག་པ་མཐའ་དག་གིས་བསླབ་པ་ཡང་མཐར་ཕྱིན་ཅིང་ལུང་བསྟན་པ་ཡང་ཐོབ་པར་འགྱུར་རོ།། དེ་ཡང་ཇི་ལྟར
337a3 ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་སུ་ངས་དྲན་པ་ཐོག་མའི་ཚེ་བྲམ་ཟེའི་བུ་གསལ་སྦྱིན་ཞེས་བྱ་བ་གས་པ་ཆེན་པོ་འདིའི་བསླབ་པ་མཐར་ཕྱིན་ཏེ། རདག་སེམས་གོམས་པར་བྱས་པས་ཐག་པ་མཐའ་དག་གི་བསླབ་པ
337a4 མ་ཐར་ཕྱིན་ཅི་དང་ཉིད་དུ་བར་སྣང་ལས་ལུང་བསྟན་པའི་སྒྲ་རིགས་ཀྱི་བུ་ཁྱོད་དུས་ཕྱི་མའི་ཚེ་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ནས་ཞིང་ཁམས་རྣམ་པར་དག་པ་ཞེས་བྱ་བར་སངས་རྒྱས་ནས་སྨྲ་བའི་སེང་གེ་ཞེས་བྱ་བར་གྲགས
337a5 པར་འགྱུར་རོ། ། ཞེས་བྱ་བར་ལུང་བསྟན་པ་དེ་བཞིན་དུ་ཤེས་པར་བྱའོ།། ཡང་སྨྲ་པའི་སེང་གེས་གསོལ་པ། ཚོགས་ཆེན་པོ་ཅག་གི་བསོད་ནམས་ཀྱི་ཁྱད་པར་ཇི་ལྟ་བུ་ལགས། གསང་བ་མཆོག་གི་བདག་པོས་བཀའ
337a6 སྩལ་པ། སྨྲ་བའི་སེང་གེ་སོ་སོའི་སྐྱེ་བོ་འམ། ཉན་ཐོས་སམ། རང་སངས་རྒས་སམ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་སྙེད་ལ་སྤྲིན་མཆོག་སངས་རྒྱས་ཀྱི་ཞིང་ཕྱུར་བུར
337a7 བ་ལྟམ་པས་བསྐལ་པ་འམ་བསྐལ་པ་གྲངས་མེད་པར་བྱིན་པའི་བསད་ནམས་ཀྱིས་ནི་རྣལ་འབྱོར་གཅིག་ལ་ཆགས་ཅིག་སྐད་ཅིག་དུ་མཆོད་པ་རྒྱ་ཆེར་བྱས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འབུམ་གྱི་ཆེར་ཡང
337a8 མ་ཕོད་དོ། ། དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་པ་དྲན་པ་ཐོག་མའི་ཚེ་ལས་དག་པའི་བྲམ་ཟེའི་བུགསལ་ལྡན་ཞེས་བྱ་བ་ཞིག་གསང་བའི་ཐེག་པ་འདི་ལ་དད་པར་གྱུར་ཏོ།། བྲམ་ཟེའི་བུ




iiif viewer powered by OpenSeadragon

336b - 337b

Texts on this page

Q453 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo