| | e-texts navigator
|
334a1 ཉན་ཅིང་གའང་བསླབ་པའི་གང་ཟག་རྣལ་འབྱོར་པ་དེ་ནི་གང་ཟག་འབའ་ཞིག་པ་ལགས་ཏེ། ས་ལ་བསྙེན་པ་དང་ས་ཐོབ་པའི་རྣལ་འབྱོར་པ་སྟེ།། རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་ཀྱང་སྨན་དང་གྲོགས་པོ་ལྟ།
334a2 ནུས་པར་བྱའོ།། གང་ཕྱོགས་བཞུངས་པའིའི་སངས་རྒྱས་ཇི་སྙེད་པ་རྣམས་ཀྱང་རལ་འབྱོར་པ་དེ་ལ་ཉེ་བའི་སྲས་དམ་པར་དགོངས་ཤིང་བྱིན་གྱིས་རློབ་པར་འགྱུར་རོ།། དེ་ཅིའི་གར་ཞེ་ན། གང་ཟག་གསང་བ་འདི་ནི་ཐོས
334a3 ཤདམས་པའི་བསྐལ་པ་དང་ལྡན་པར་ཡང་བསྐལ་པ་གྲངས་མེད་པའི་ཕ་མཐའ་དས་སོགས་བསགས་ཤིང་སྤངས་པའི་མཐུས་དེ་ལྟར་འགྱུར་བར་རིག་པར་བྱའོ། ། དེ་བས་ན་སྨྲ་བའི་སེང་གེ་ཁྱོད་ཉིད་ལ་སོགས་པའི
334a4 འཛིན་པ་རྣཔས་དང་ཐ་བ་དད་པར་བྱའོ། ། དེ་དག་གི་དངོས་གྲུབ་ཀྱང་ཚེ་འདི་ཉིད་ལ་འགྲུབ་ཅིང་གཞན་འཇིག་རྟེན་བཐུ་ཆེན་རྣམས་ཀྱང་བཀའ་ཉན་ཅིང་ལས་བྱེད་པར་འགྱུར་རོ།། །། ཡང་སྨྲ་བའི་སེང་གེས་གསལ་བ།
334a5 མ་ལྡན་འདས་ཏྲམ་རྡོ་རྗེ་བ་དཔོན་ཆེན་བརྣས་ཀྱི་འཁོར་དང་བཅས་པ་རྣམས་གསང་བའི་ཐེག་པ་འདི་ཉིད་ལ་མོས་ཤིང་དང་བའི་སེམས་ཀྱིས་གཡེ་སྒྲ་དང་གསོག་འཇོག་སྤངས་པའི་ཕྱི་རབས་ཀྱི་དད་པ་ཅན
334a6 སྐྱེ་བོ་དེའི་རྣམ་པར་གྱུན་པ་ཅད་འགག། བདག་ཅག་ལ་སོགས་པ་རྣམས་ཀྱིས་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དད་པ་ཅན་གྱིས་བོ་བླ་མ་འཁོར་དང་བཅས
334a7 པ་གསང་བའི་ཐག་པ་འཕེལ་མེ་བ་ཤང་དད་པ་དང་རྣ་བའི་དབང་པོས་ཉན་ཅང་ག་པོ་སྐྲ་དང་གསོག་འཇིག་སྤངས་པ་དེའི་རྣམ་པར་སྨིན་པའི་ལེགས་པའི་ཡོན་ཏན་ཡང་བརྗོད་ཅིང་ཚད་དེ་གཟུང་བར་རབ་ཏུ་དཔའོ། །
334a8 ལ་ལ་དག་གིས་སོ་སོ་སྐྱེ་ཟེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བ་ལ་སྦྲན་པ་བྱིན་པའམ། སྲོག་བརྟེན་པའམ། དགེ་བ་བཅུ་དང་། ཚད་མེད་པ་ཞི་དང་། བསྐུ་བའི་དངོས་པོ་བཞིས་རྒྱུའི་ཐེག་པའི་སྐྱེ་ནས་འགྲོ་བ་དོན་བྱས་པ
iiif viewer powered by OpenSeadragon
333b - 334b