| | e-texts navigator
|
330a1 འཆི། པས་ཁྱེ་པ། གས། ཉམ་ང་མེད་པར་འགྱུར། དེ་ལ་སོགས་ཏེ་མཐའ་ཡས་མཆོག། སྡང་བ་ལུས་ཀྱི་སྔ་སྨྲས་ཀྱང་།། ལུས་ཀྱིས་བཟོད་པ་ཐོབ་པ་དང་། འདུ་བའི་ནད་དང་བྲལ་བ་དང་།། ཁམས་ཀྱི་ཟས
330a2 དང་བྲལ་བ་དང་། ། དབང་པོའི་གཟི་མ་དངས་གསལ་བ་དང་། བར་སྣང་དག་ལ་ལྡིང་བ་དང་། ཤིང་བལ་ལྟ་བར་ཡང་བ་དང་།། ཆུ་ལ་མི་འབྱིང་མེས་མི་ཚིག། རླུང་གིས་ཁྱེར་བར་དུས་མི་འགྱུར།། དེས་ལ་སོགས་ཏེ་མཐའ་ཡས
330a3 མཆོག། དག་གིས་ཇི་སྙེད་བརྗོད་པ་བཞན། འགྱུར་བ་ཡིན་པར་ཤེས་པར་བྱ།། རྫས་ཀྱི་དམ་པ་ཡོན་ཏན་ལྡན།། རྙེད་ཅིང་ཐོབ་པ་དག་དུ་འགྱུར།། ཉམས་དང་རྨི་ལམ་དག་ཏུ་ཡང། བང་མཆོག་དེ་ལྟར་སྐུར་བཞིན། དེ་དགམ་པའི་རྣམ་པར་འབྱུང་། དེ་དག
330a4 དབང་བསྐུར་ཐོབ་པའི་རྟགས་ཤེས་གསུངས་སོ། ། དེ་ནས་ཡང་སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་དུ་བཟང་པོ་ས་འདི་སྐད་ཅེས་གསོལ་པ་བཏབ་པོ།། ཡེ་ཤེས་རྣལ་འབྱོར་ཅན་རྣམས་ཀྱིས། གསང་བ་སྦས་པའི་ཐབས་ཚུལ་དུ།
330a5 སྤྲས་པས་གྲུབ་པའང་མྱང་བ་དང་། གསང་བའི་དམ་ལ་ག་ནས་བྱ་དང་།། བརྡལ་དགའ་བའི་མི་རྣམས་ཀུན།། ཉི་ཞིང་གདུང་བར་བྱ་བའི་ཕྱིར།། ལུས་དང་ངག་གི་བརྡ་རྣམས་ཀུན།། བསང་པའི་བདག་པོ་བཤད་དུ་གསོལ།།
330a6 ཞེས་གསོལ་པ་བཏབ་པཾ་དང་།། བསང་བའི་བདག་བྲོ་བཀའ་སྩལ་པ།། གསང་བ་སྐྱེས་པའི་ཐེབས་ཚུལ་དུ།། རྔ་ཡི་དམ་ཚིག་བཤད་པར་བྱ།། འདུས་པའི་འཁོར་རྣམས་ལེགས་པར་ཉོན།། ལུས་བརྡ་དམ་ཚིག་བྱག
330a7 རྩ་སྟོན། ། ལག་པ་གཡས་པས་བྱ་བ་ཀུན།། རྣལ་འབྱོར་པ་ཡིས་བྱ་བའི་བརྡ། གཡོན་པས་བྱ་བ་མའོ་བཛྲ། སྤྱི་བོ་ཐཱག་པའི་ལག་བརྡ་ནི། ཕྱག་འཚལ་པའི་བད་ཡ་དྱ། དཔྲལ་བར་རིག་པ་ཕྱག་པ་ན་ཡིན
330a8 ག་ཟ་གཡས་པ་བརྒྱད་བྱས་ཏེ། ། མགོ་བོ་བཏུང་བར་བྱས་པ་ནི།། ཁམས་བདེའམ་ཞེས་འདྲི་བའི་བརྡ།། ཕག་པ་གཡོན་པ་བརྐྱང་ནས་ནི།། གཡོན་དུ་འདུད་བ་བདེ་བའི་ལན། མིག་གཉིས་དག་པ་རེག་པ་ན།། གཟུགས
iiif viewer powered by OpenSeadragon
329b - 330b