| | e-texts navigator
|
327b1 འཕྲལ་སྣ་ཚོགས་ཀུན་ཏུ་སྣང་།། རྟོགས་མེད་པཉཔ་ཉིད་དབྱིངས་ལས་ཅི་སྲིད་འཕྲུལ་ཀྱང་དབྱིངས་ལ་གཡོས་པ་རྡུལ་གྱི་ཆེ་ཙམ་མེད།། དོར་དམ་བདེན་པའི་ཆོས་ཕྲུལ་ཀུན་རྫོབ་གསང་སྔགས་ཆེ་བའི་ཁྱད་པར་རྨད
327b2 འབྱུང་ཨེ་ས་འོང་མཚང་ཚེ་ཞེས་མགྲིན་གཅིག་ཏུ། ། གསོལ་བ་གཏ་བ་སྟེ།། འདུས་པའི་འཁོར་ཚོགས་རྣམས་ལ་ལ་ནི་བྱང་ཆུབ་སེམས་ཀྱི་མཚན་ལ་ཉིད་ལ་སེམས་ཤིང་ཅང་མི་སྨྲ་བར་འཁོད་དོ།། ལ་ལ་ནི་ཀྱི་།
327b3 འཁོར་རྣམས་རིམས་ཀྱིས་དགོད།། ལ་ལ་ནི་ལྷན་གྱིས་གྲུབ་པའི་གར་དང་ཕྱག་རྒྱས་ཉེ་བར་སྟོན།། ལ་ལ་ནི་གསང་སྔགས་ཀྱི་སྒོ་ཟབ་མོ་བསྙེན་བསྒྱུར་རྣམཔ་བཤིང་འབྲུ། ཅིང་མི་ལྡོག། ལ་ལ་ནི་ངོ་མཚར་མང་དུ་བྱུང
327b4 བའི་ཆེ་བདག་སྟོན། ། ལ་ལ་ནི་བསང་སྔགས་ཀྱི་དམ་ཚིག་སྙིང་ལ་གནས་པར་སྒོ་མ།། ལ་ལ་ནི་བརྟུལ་ཞུགས་ཟབ་མོ་ལ་འཇོལ་ཉག་ཏུ་རོལ།། ལ་ལ་ནི་གདུག་པའི་ཚོགས་ཉེན་ཅིང་ཅར་གཅོད།། ལ་ལ་ནི་རུགས་པ
327b5 དང་། ། རེངས་པ་དང་།། འདོད་གཟིར་དང་།། དྲེགས་པ་རྣམས་དང་།། སྦྱོར་བའི་ལས་ཀྱི་རོལ་པས་དགྱེས།། ལེ་ལི་ནི་ནན་ཏུད་ཀྱི་ཆེ་བ་སྟོན་ཅིང་ལིང་ལོང་ཕྱད།། ཐམས་ཅད་བླ་འཁྱ་ལ་བའི་སྤྱོད་པ་ཅན་དུ་གྱུར་ཏོ།། བཅོམ་ལྡན
327b6 འདས་གསང་བ་མཆོག་གི་བདག་པོ་ནི་ཡུམ་རྔམ་པ་ཀྲོ་དྷིའི་རྒྱལ་མོ་དང་གཉིས་སུ་མེད་པར་དེ་བཞིན་ཉིད་ཀྱི་དབྱིངས་ལ་དགོངས་ཤིང་ཅད་མི་གསུངས་པར་གྱུར་ཏོ། ། འཕགས་པ་དྨད་རྒྱལ་པོ་ཡེ་ཤེས་རྔམ་པ་ཀློག་གི
327b7 འཁོར་ལོའི་མདོ་ཞེས་བྱ་བ་ལས་ནན་དུད་ཀྱི་ལས་རིམ་པར་བྱེ་བའི་ལེའུ་སྟེ་བཅུ་དྲུག་པའོ། ། རྫོགས་སྷོ།། ཆ་གར་གྱི་མཁན་པོ་བཛྲ་བི་ཤྭ་མི་ཏྲ་དང་ཞུ་ཆེན་གྱི་ལོ་ཙྪ་བ་བ་གོར་བཻ་རོ་ཙ་ན་ར་ཀི་ཏས་སྐར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།
327b8 དེ་ནས་ཡང་སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་ཏུ་བཟང་པོས་བཅོམ་ལྡན་འདས་གསད་པ་མཆོག་གི་བདག་པོད་དེ་བཞིན་ཉིད་ཀྱི་ངང་ལ་མི་གཡོ་བར་ངནལ་བཞིན་དུ་ཅོ་འཕྲུལ་འབྱུང་བའི་ཀླུ་འདིས་རྣམ་པར་བསྐུལ་ལོ།། ཨེ་མའོ།།
iiif viewer powered by OpenSeadragon
327a - 328a