| | e-texts navigator
|
292a1 སྙིང་པོ་སྟེ། ། ལྗང་སྔོན་རིན་ཆེན་མྱུག་གུ་འཛིན།། རྒྱབ་ཏུ་ནམ་མཁའི་སྙིང་པོ་སྟེ།། མཐིང་ག་རང་བརྟགས་རལ་གྲི་འཛིན།། གཡོན་དུ་མཛེས་པའི་གློ་བུར་ལ།། སྤྱན་རས་གཟིགས་དབང་དམར་སྱ་སྟེ།། རང་རྟགས་པར་མ
292a2 དཀར་པོ་འཛིན། ། ཐེར་ཚུགས་ཡེ་ཤེས་སེམས་པས་བརྒྱན།། སེམས་དཔའི་སྐྱིལ་མེ་ཀྲུང་དུ་བཞུགས།། རྒྱན་དང་ཆ་ལུགས་ཀུན་གྱིས་བརྒྱན།། དེ་དག་གི་ནི་གཡོན་རོལ་ན།། གར་དང་སྒེག་མོ་ཕྲེང་བ་དབྱངས།། གཡས་པས
292a3 ཐབས་ཀྱི་གཙོ་ལ་འཁྱུང་། ། གཡོན་པ་གར་དང་མེ་ལོང་ཕྲེང་།། པི་ཟང་འཛིན་ཅིང་ཆ་ལུགས་གཞན།། གཙོ་བོ་ཉིད་ཀྱང་མཐུན་པ་ཡིན།། མཛེས་པའི་གྲུ་ཆེན་རྣམས་ལ་ནི།། བྱམས་པ་མེ་ཏྲི་དཀར་བ་སྟེ།། མཛེས་པའི་ཀླུ་ཡིས
292a4 དགུ་དེ་བསྣམས། ། ཤར་ལྷོ་མཚམས་ཀྱི་གྲུ་ཆད་ལའོ།། སྒྲིབ་པ་རྣམ་སེལ་མཐིང་ཀ་སྟེ།། ཆོས་ཀྱི་འཁོར་ལོ་འཛིན་པ་སྟེ།། ལྷོ་ནུབ་མཚམས་སུ་མཛེས་པར་གནས།། འཇམ་དཔལ་གཞོན་ནུ་མར་སྐྱའི་མདོག། རང་རྟགས
292a5 ཨུད་པལ་མཐིང་ཀ་འཛིན། ། ནུབ་བྱང་མཚམས་སུ་མཛེས་པར་གནས།། ཀུན་ཏུ་བཟང་པོ་ལྗང་སེར་མདོག། རང་རྟགས་རིན་ཆེན་སྙེ་མ་འཛིན།། བྱང་ཤར་མཚམས་ཀྱི་གླུ་ལ་གནས།། དེ་དག་གི་ནི་གཡོན་རོལ་ན།། སྤོས་དང་མེ་ཏོག་གདུག་པ་དྲི།
292a6 གཡས་པ་ཐབས་ཀྱི་གཙེ་ལ་ཁྱུད།། གཡོན་པ་རང་རྟགས་འཛིན་པའོ།། ཆ་ལུགས་ཐམས་ཅད་སྔ་མ་བཞིན།། སྒོ་ཁྱུད་རྣམས་ལ་འཇོམས་པ་ནི།། གཤིན་རྗེ་གཤེད་པོ་མཐིང་ནག་འབར།། ནིར་མགོ་གདེངས་པ་ལག་མཚན་ཐོགས།། ཤར་གྱི་སྒོར་ནི
292a7 རྣམ་པར་གནས། རྣམ་པར་རྒྱལ་བ་སེར་ནག་འབར།། རྡོ་རྗེས་གནོད་པ་ལྷོ་སྐོར་རོ།། རྟ་མགྲིན་དམར་ནག་འབར་བ་སྟེ།། ཐོད་སྦྲུལ་ཐོགས་པ་ནུབ་སྒོར་གནས།། བདུད་རྩི་འཁྱིལ་པ་ལྡང་ནག་འབར།། རྒྱ་གྲམ་གྱིས་གནོན་བྱང་གི་སྒོར།།
292a8 སྟང་ཐབས་ཚུལ་དུ་རབ་ཏུ་གནས།། དུར་ཁྲོད་རྒྱན་གྱིས་རྣམ་པར་བརྒྱན།། རྣམ་པར་གཅིག་ལ་འཇིགས་འཇིགས་ལྟ།། མེད་དཀྱང་འབར་བའི་ཀློང་དུ་འཁྱིལ།། ཧཱ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོགས།། དེ་དག་གི་ནི་གཡོན་རོལ་ན།། གཤེད་མོ་དང་ནི་རྒྱལ་མ
iiif viewer powered by OpenSeadragon
291b - 292b