e-texts navigator
Collection
Volume
Page
Wylie

291b1 ལའི་སྟེང་ཤིད་ཙེང་ཅིང་འཁྲིལ། ། དྲིང་གཟུགས་དང་འོད་དུ་ལྡན།། ཏ་ལའི་སྟེང་ཤིང་དེ་ལ།། ཁུ་བྱུག་ལ་སོགས་པག་ཤིས་པའི།། བྱརྣམས་སྙན་པ་སད་ཀྱང་འབྱིན།། བློ་དྲུག་དེ་དག་རེ་རེན། འགྲུས་ཀྱི་རྫིང་བུ་དབྱིབས་ལེགས
291b2 བློ་མཆོག་ཡན་ལག་ལྡན་པའི་ཆུ། ། གྲངས་མེད་དེ་དག་རེ་རེ་ནི།། ལྷ་དང་ལྷ་མོ་བསམ་མི་ཁྱབ།། ཕྱི་རོལ་ཁོ་ར་ཁོར་ཡུག་ན།། རྩེས་འཆགས་བརྗོད་མི་ལང་།། དེ་ལ་སོགས་པ་བསམ་ཡས་མཆོག། མ་བཙལ་ཡེ་ནས
291b3 ལྷུན་གྱིས་ཟུང་། ། ལྷ་མཆོག་རྣམས་ཀྱི་བསོད་ནམས་ཀྱིས།། རྒྱུ་ལས་གྲུབ་པར་རྒྱལ་བས་གསུངས།། ཕོ་བྲང་དེ་ན་གནས་པ་ཡིས།། ཡེ་ཤེས་ལྔ་ཚེགས་མང་པོ་རྣམས།། གཙོ་གཟུངས་ཟུང་དུ་འཁྲིལ་བ་སྟེ།། དབུས་ཀྱི་བཟང
291b4 སྙིང་པོ་ལ། ། རྣམ་པར་སྣང་མཛད་སྙིང་པོ་ཆེ།། འཛམ་བུ་ན་ཏའི་གསེར་འོད་འདྲ།། རང་རྟགས་ལག་ན་འཁོར་ལོ་བསྣམས།། དཔའ་བོ་དེ་ཡི་སྤྱན་སྔན།། རྡོ་རྗེ་སེམས་དཔའི་རྒྱན་ཆེན་ཡང་།། དུང་དང་ཤེལ་གྱི་ཁ་དོག་འདྲ།། རང་རྟགས
291b5 ལག་ན་རྡོ་རྗེ་འཛིན། ། གཡིས་སུ་རིན་ཆེན་འབྱུང་ལྡན་ཏོ།། བཻ་དཱུརྱ་ཡི་ཁ་དོག་འདྲ།། རང་རྟགས་རིན་ཆེན་འབྲུ་བརྒྱད་འཛིན།། རྒྱལ་བ་སྣང་བ་མཐའ་ཡས་གཙོ།། བར་མ་ར་གའི་མདོག་འདྲ་ཞིང་།། རང་རྟགས་པད་མ་དམར་པོ་འཛིན།
291b6 གཡོན་དུ་དོན་ཡོད་གྲུབ་པ་སྟེ།། ཨིན་ཏྲ་ནཱི་ལ་ལྗང་ཀུའི་མདོག། རང་རྟགས་ཕྱག་ན་རལ་གྲི་འཛིན།། ཀུན་ཀྱང་ཞི་བའི་ཆ་ལུགས་ཏེ།། ཐོར་ཚུགས་རིགས་ལྔ་དབུ་ལ་རྒྱན།། རྫོགས་པའི་སྐྱིལ་ཀྲུང་ཚུལ་དུ་བཞགས།། དོ་ཤལ་དཔུང
291b7 བརྒྱན་སེ་མོ་། ། ཕྱག་གདུབ་སྟན་ཆས་ཀུན་ལ་མཛེས།། མཚན་དང་དཔེ་བྱད་ཡང་དག་རྫོགས།། དེ་དག་གི་ནི་གཡོན་རོལ་ན།། ཀཱན་ཏུ་བཟང་དང་ལོ་ཙན།། མ་མཱགོས་དཀར་སྒྲོལ་མ་རྣམས།། གཡས་པས་ཐབས་ཀྱིས་གཅོལ་འཁྲུང་།
291b8 གཡོན་པས་རང་རྟགས་དྲིལ་བུ་འཛིན།། སྐྲ་མདོག་ཆ་ལུགས་ཡབ་དང་འདྲ།། འཁོར་ལོ་རྩབས་ལ་ལྷུན་གྱིས་གྲུབ།། སུན་སྔའི་གློ་བུར་མཛེས་པ་ལ།། ལག་ན་རྡོ་རྗེ་སྔོ་ལྷའི་མདོག། རང་རྟགས་རྡོ་རྗེ་རྩེགས་པ་འཛིན།། གཡས་ནས་ཡི




iiif viewer powered by OpenSeadragon

291a - 292a

Texts on this page

Q453 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo