| | e-texts navigator
|
290b1 སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱིས།། བྱུང་དང་འབྱུང་འགྱུར་རེག་བྱ་རྣམས།། རེག་བྱའི་སྐྱེ་མཆེད་ཉིད་དུ་གྲགས། རེག་པར་བྱ་བའི་ཡུལ་ཡིན་པས།། རྟ་མཆོག་དཔལ་གྱི་རང་བཞིན་ནོ།། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི།། ཚོགས་དྲུག
290b2 གགས་ཀྱི་དེ་མ་ཐག། གོ་བྱེད་གསལ་བའི་བདག་ཉིད་དེ།། ཡིད་ཀྱི་ཁམས་ཞེས་བྱ་བར་གྲགས།། དེས་གཅོད་བྱ་བ་བྱེད་པའི་ཕྱིར།། བདུད་རྩིའི་འཁྱིལ་བའི་རང་བཞིན་ཡིན་ཞེས་གསུངས་སོ།། དེ་ལ་འདི་ནི་ཕྱིན་ཅི་མ་ལོག་པ་བཞིའི་ལྷ་མོ་བཞིའི
290b3 རང་བཞིན་དུ་གསུངས་པ། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི།། འཇིག་དང་སྐད་ཅིག་མེ་རྟག་པ།། རྟག་པར་མ་ཡིན་ཞེས་གྲགས།། སྣ་མ་ལྟ་བུ་ཡིན་པའི་ཕྱིར།། ལྕགས་ཀྱུ་མ་ཡི་རང་བཞིན་ཡིན།། སྣོ་བཅུད་འགྲོ་བ་ཐམས་ཅད་ཀྱི།། ཀུར་རྟོག།
290b4 གཞན་དབང་མེད་མིན་པ།། ཆད་པར་མ་ཡིན་ཞེས་སུ་གྲགས།། རྨི་ལམ་ལྟ་བུར་སེམས་སྣང་ཕྱིར།། ཞགས་པ་མ་ཡི་རང་བཞིན་ཡིན།། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི།། གཟུང་འཛིན་དངོས་པོར་མ་འགྲུབ་པ།། མཚན་མར་མ་ཡིན
290b5 ཞེས་སུ་གྲགས། ། སྨིག་རྒྱུ་ལྟ་བུར་སེམས་སྣང་ཕྱིར།། ལྕགས་སྒྲོག་མ་ཡི་རང་བཞིན་ཡིན།། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི།། སྐྱེས་བུ་མེད་པར་མ་གྲུབ་པ།། བདག་ཏུ་མ་ཡིན་ཞེས་སུ་གྲགས།། སྒྲ་བརྙན་ལྟ་བུའི་སེམས་སྣང་ཕྱིར།།
290b6 དྲིལ་བུ་མ་ཡི་རང་བཞིན་ཡིན་ཞེས་གསུངས་སོ།། དེ་ལ་འདི་ནི་ཡིད་དང་ཆོས་གཙོ་གཟུངས་གཉིས་ཀྱི་རང་བཞིན་དུ་བསྟན་ཏེ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི།། ཆོས་རྣམས་ཀུར་ལ་ངེས་གཅོད་པའི།། ཡིད་ཀྱིས་རྣམ་ཤེས
290b7 ཞེས་སུ་གྲགས། ། རྟོག་པའི་ཡེ་ཤེས་ཡིན་པའི་ཕྱིར།། ཀུན་ཏུ་བཟང་པོའི་རང་བཞིན་ཡིན།། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི།། འདུས་མ་བྱས་ཀྱི་ཆོས་རྣམས་ཀུན།། ཆོས་ཀྱི་སྐྱེད་བྱེད་ཡིན་པར་གྲགས།། རྣམ་པར་ཤེས་པའི་ཡུལ་ཡིན།
290b8 བས།། ཀུན་ཏུ་བཟང་པོའི་རང་བཞིན་ཡིན།། དེ་ལ་སོགས་ཏེ་མཐའ་ཡས་མཆོག། ཆོས་དབྱིངས་མཉམ་དང་མི་མཉམ་པ།། ནམ་མཁའ་ཁམས་ཀྱི་མཐའ་ཀླས་པ།། ཇི་སྙེད་རྣམ་གྲངས་ཡོད་པའི་ཆོས།། ཀུན་ཀྱང་ཕྱག་རྒྱའི་རང་བཞིན།།
iiif viewer powered by OpenSeadragon
290a - 291a