| | e-texts navigator
|
290a1 སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི།། ཐོས་པར་བྱེད་པའི་རང་བཞིན་བདག་ཉིད་དེ།། རྔ་བའི་ཁམས་ཞེས་བྱ་བར་གྲགས།། ཐོས་པའི་བྱ་བ་བྱེད་པའི་ཕྱིར།། སྒྲིབ་པ་ཀུན་སེལ་རང་བཞིན་ཡིན།། སྲིང་གསུམ་སེམས་ཅན་ཐམས
290a2 ཅད་ཀྱི། ། སྲོམ་བྱེད་དང་བའི་བདག་ཉིད་དེ།། སྣ་འི་ཁམས་ཞེས་བྱ་བར་གྲགས།། ཚོར་བར་བྱ་བ་བྱེད་པའི་ཕྱིར།། འཇམ་དཔལ་ཉིད་ཀྱི་རང་བཞིན་ཡིད།། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི།། མྱོང་བྱེད་དག་པའི་བདག་ཉིད་དེ།། ལྕེ་ཡི་ཁམ
290a3 ཞེས་བྱ་བར་གྲགས། ། མྱོད་པའི་བྱ་བ་བྱེད་པའི་ཕྱིར།། ཀུན་ཏུ་བཟང་པོའི་རང་བཞིན་ཡིན་ཞེས་གསུངས་སོ།། དེ་ལ་ངས་བཞིའི་མཆོད་པའི་ལྷ་མོ་བཞིའི་རང་བཞིན་དུ་གསུངས་པ། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི།། ཆུ་འབྲས་ཀུན་ཏུ
290a4 རྣམ་པར་སྣང་། ། སྔོན་འདས་དུས་སུ་རྣམ་པར་གྲགས།། སྔོན་འདས་དཔྱིད་ཀྱི་རང་བཞིན་ཡིན།། སྤོས་མེའི་རང་བཞིན་ཉིད་ཡིན་ནོ།། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི།། རྒྱུ་སྤྱད་འབྲས་བུམ་སྤྱད་ཀུན།། དེ་ལྟར་དབྱར་གྱི་རང་བཞིན
290a5 ཡིན། ། མེ་ཏོག་ཉིད་ཀྱི་རང་བཞིན་ཡིན།། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། རྒྱུ་འབྲས་ཡོངས་ཀྱིས་མ་སྤྲད་པ།། མ་འོངས་དུས་སུ་རྣམ་པར་གྲགས།། འོད་མ་རིག་སྟོན་རང་བཞིན་ནི།། ཨཱ་ལོ་ཀི་ཡི་རང་བཞིན་ཡིན།། སྣོད་བཅུད་འགྲོ་བ
290a6 ཐམས་ཅད་ཀྱི། ། ཆུ་འབྲས་ངེས་པར་མ་ཚགས་པ།། འབྱུང་བར་མ་དེས་དུནི་ཤེས་གྲགས།། མ་འོངས་ཀུན་གྱི་རང་བཞིན་ནི།། གན་དྷེའི་རང་བཞིན་ཡིན་པར་དེས་ཤེས་གསུངས་སོ།། དེ་ལ་འདི་ནི་ལུས་ཀྱི་དབང་པོ་དང་།། རྣམ་པར་ཤེས་པ་དང་།
290a7 ཡང་དེའི་ཡུལ་དང་དེ་ལས་སྣང་བའི་བྱང་ཆུབ་སེམས་ཁྲོ་བོ་བཞིའི་རང་བཞིན་དུགསུངས་པ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱིས།། རེག་བྱེད་དང་བའི་བདག་ཉིད་དེ།། ལུས་ཀྱི་ཁམས་ཤེས་བྱ་བར་གྲགས།། རེག་བ་པ་བྱེད
290a8 པས་ན། ། གཤིན་རྗེ་འཇོམས་པའི་རང་བཞིན་ནོ།། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། རེག་བྱ་ཀུན་ལ་གཅོད་པ་ཀུན།། ལུས་ཀྱི་རྣམ་ཤེས་ཞེས་སུ་གྲགས།། རེག་པའི་ཡེ་ཤེས་ཡིན་པའི་བྱེད།། རྣམ་པར་རྒྱལ་བའི་རང་བཞིན་ཡིན།
iiif viewer powered by OpenSeadragon
289b - 290b