| | e-texts navigator
|
289b1 འདི་རི་རྣམ་པར་ཤེས་པ་བའི་བྱང་ཆུབ་སེམས་དཔའ་བཞིའི་རང་བཞིན་དུ་གསུས་པ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི།། ཁ་དོག་དབྱིགས་ལ་གཅོད་པ་ཀུན།། མིག་གི་རྣམ་ཤེས་ཞེས་སུ་གྲགས།། མཐོང་བའི་ཡེ་ཤེས་ཡིན་པའི
289b2 སང་པོའི་རང་བཞིན་ཡིན། ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི།། སྒྲ་རྣམས་ཀུན་ལ་སྤྱོད་པ་ཀུན།། རྣ་བའི་རྣམ་ཤེ། ཞེས་སུ་གནས།། ཐོམ་པའི་ཡེ་ཤེས་ཡིན་པས་ན།། ལག་ན་རྡོ་རྗེའི་རང་བཞིན་ཡིན།། སྲིད་གསུམ་སེམས་ཅན་ཐམས
289b3 རྣམས་ཅན་ལ་གཅོད་པ་ཀུན། ། སྣ་ཡི་རྣམ་ཤེས་ཞེས་སུ་གྲགས།། ཚོར་བའི་ཡེ་ཤེས་ཡིན་པས་ན།། ནམ་མཁའི་སྙིང་པོའི་རང་བཞིན་ཡིན།། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི།། རོ་རྣམས་ཀུན་ལ་གཅོད་པ་ཀུན།། ལྕེ་འི་རྣམ་ཤེས
289b4 ཤེས་སུ་། ། ང་བའི་ཡེ་ཤེས་ཡིན་པའི་ཕྱིར།། སྟན་རས་གཟིགས་ཀྱི་རང་བཞིན་ཡིན་ཞེས་གསུངས་སོ།། དེ་ལ་ཡུལ་བཞི་བྱང་ཆུབ་ཆེན་པོ་བཞིའི་རང་བཞིན་དུ་གསུངས་ག་སྣོད་བཅུད་འཐོ་བ་ཐམས་ཅད་ཀྱི།། ཁ་དོག་དབྱིབས་དང་མཚན་མ་ཀུར།
289b5 གཟུགས་ཀྱི་སྐུ་ཆེད་ཉིད་དུ་གྲགས།། མཐོང་བར་བྱ་བའི་ཡུལ་ཡིན་པས།། གཟུགས་མཛེས་ལ་ཕྱིའི་རང་བཞིན་ཡིན།། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི།། ཟིན་དང་མ་ཟིན་གཉི་ག་ལས།། བྱུང་བའི་སྒྲ་ཡི་ཁམས་སུ་གྲགས།། ཐོས་པར་བྱ་བའི།
289b6 ཡུལ་ཡིན་པས།། ལྲྀད་ཏྱ་མ་ཡི་རང་བཞིན་ཡིན།། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི།། ལྷན་ཅིག་ཕྱིས་དང་སྦྱར་དང་གྱུར།། ཞིམ་དངང་དང་དེ་བཞིན་གཞན།། དྲི་ཡི་ཁམས་དང་སྐྱེ་མཆེད་དེ།། བསྣམ་པར་བྱ་བའི་ཡུལ་ཡིན་པས།། མཱ་ལེ་ཉིད་ཀྱི
289b7 རང་བཞིན་ཡིན། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི།། ཁ་མངར་ལ་སོགས་རོ་རྣམས་ཀུན། ཡཾ་སྐྱེ་མཆེད་ཉིད་དུ་གྲགས།། མྱང་བར་བྱ་བའི་ཡུལ་ཡིན་པས།། གི་ར་ཏི་ཉིད་ཀྱི་རང་བཞིན་ཡིན་ཞེས་གསུངས་སོ།། དེ་ལ་འདི་ནི་དབང་པོ་བཞི
289b8 བྱང་ཆུབ་སེམས་དཔའ་བཞིའི་རང་བཞིན་དུ་གསུངས་པ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི།། མཐོང་བྱེད་དང་བའི་བདག་ཉིད་དེ།། མིག་གི་ཁམས་ཤེས་བྱ་བར་གྲགས།། མཐོང་བའི་བྱ་བ་བྱེད་པའི་ཕྱིར།། བྱམ་པ་མཻ་ཏྲི་རང་བཞིན་ཡིན།།
iiif viewer powered by OpenSeadragon
289a - 290a