e-texts navigator
Collection
Volume
Page
Wylie

288b1 རྡོ་རྗེ་རྒྱལ་ལ་ཕྱ་བ་འཚལ་ལོ།། ཆོས་ཀུན་ཡེ་ནས་སངས་རྒྱས་པའི།། རང་བཞིན་དག་པ་དྲི་མ་མེད།། རང་བའི་ར་ལྡན་གྲུབ་ཟབ་མོའི་དོན།། བཅོམ་ལྡན་སྙིང་པོས་བཤད་དུ་གསོལ།། ཨ་ལ་ལ་ཧོ། དེ་ནས་བཅོམ་ལྡན་འདས
288b2 གསང་མཆོག་གི་བདག་པོ་ངེས་གསོལ་པ་བཏབ་པའི་དོར་ཐུགས་སུ་རུང་རག་ལྡན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང་བའི་རྡོ་རྗེ་ཅན་ཞེས་བྱ་བའི། ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཞུགས་ནས་ཡང་རང་བཞིར་ངོ་རངས་པའི་དཀྱིལ
288b3 འཁོར་སྤྲོས་པ་དང་བྲལ་བ་འདི་གསུངས་སོ། ། ཨེ་མའོ་སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས།། བླ་ན་མེད་པ་རྟོགས་གྱུར་བའི།། རྒྱལ་ཟས་གསུངས་པའི་ཡེ་ཤེས་གང་།། དེ་ནི་དཀྱིལ་འཁོར་སྙིང་པོ་ཡན་ཞེས་གསུངས་སོ།། དེ་ནས་ཡང
288b4 བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་རང་བཞིན་དོན་དམ་པའི་དཀྱིལ་འཁོར་གྱི་རྣམ་གྲངས་འདི་གསུངས་སོ། ། དེ་ལ་འདི་ནི་སྤྱིར་བསྡུས་པའོ།། སེམས་ཅན་ཀུན་གྱི་སེམས་ཆེན་པོ།། རང་བཞི་དག་པས་དྲི་མ་མེད།
288b5 ཕུང་པོ་ལྔ་དོན་སངས་རྒྱས་ལྔ། འབྱུང་བ་ལྔ་དོན་དབྱིངས་པ་གཡུམ།། ཁམས་དང་སྐྱེ་མཆེད་མང་པོ་ཀུན།། སེམས་དཔའ་སེམས་མའི་དཀྱིལ་འཁོར་ཡིན།། དེས་ན་སྲིང་གསུམ་དཀྱིལ་འཁོར་ཆེ་ཞེས་གསུངས་སོ།། དེ་ལ་ཕུང་པོ་ལྔ
288b6 སངས་རྒྱས་ལྔའི་རང་བཞིན་དུ་གསུངས་པ་ཡང་། སྲིང་གསུམ་སེམས་ཅན་ཐམས་ཅད་ཀྱིས།། རྒ་དང་འབྲས་བུའི་གཟུགས་རྣམས་ཀུན།། ཆོས་ཀྱི་དབྱིངས་ལས་བྱུང་ཟས་ན།། དབྱེར་མེད་དོན་གྱི་གཏི་མུག་པས།། རྣམ་པར
288b7 སྣང་མཛད་རང་བཞིན་ཡིན། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི།། བདེ་སྡིག་ཚོར་བའི་ཕུང་པོ་ཀུན།། མཉམ་པར་དབྱིངས་ལ་སྣང་བས་ན།། ངོ་རྒྱལ་ཆེན་པོའི་རང་བཞིན་པས།། མྱོང་བ་རིན་ཆེན་འབྱུང་བ་ཡིན།། སྲིད
288b8 གསུམ་སེམས་ཅན་ཐམས་ཅད་ཀྱི། ། ཡུལ་དང་ཤེས་རབ་ཕྲ་རགས་ཀྱི།། བྱེད་པའི་ཕུང་པོ་ཐམས་ཅད་ཀུན།། མ་འདྲེས་དབྱིངས་ལ་སྣང་བས་ན།། ། ཤེས་རབ་རླབས་ཀྱིས་འདོད་ཆགས་པས།། སྡང་བ་མཐའ་ཡས་རང




iiif viewer powered by OpenSeadragon

288a - 289a

Texts on this page

Q453 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo