e-texts navigator
Collection
Volume
Page
Wylie

287b1 ཟླ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་ཏུ་བཟང་པོས་ཨ་ལ་ལ་ཅོ་ཞེས་སྒྲ་པཱུང་སྟེ་བྱང་ཆུབ་སེམས་ལ་བསྟོད་པ། ཨེ་མའོ་བདེ་ཆེན་ཀུན་ཏུ་བཟང་།། ཨེ་མའོ་སྟེང་ཉིད་བྱང་ཆུབ་སེམས།། ཨེ་མའོ་དག་པ་དྲི་མ་མེད།། ཨེ་མའོ
287b2 སྒྲུབ་གསལ་བ་ཎ། ། ཨོཾ་མེ་འོ་མཉམ་ཉིད་དབྱེར་མེད་ཆོས།། མཐའ་མོ་སར་ང་ག་སེམས།། ཨ་མའོ་བྱང་ཆུབ་ལྷུན་གས་གྲུབ།། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།། ཞེས་བསྟོད་དོ།། བཅོམ་ལྡན་འདས་ཉིད་ཁྱད་པར
287b3 གྱུ་བ་ཡང་བྱང་ཆུབ་སེམས་ཉིད་ཡིན་ཞིང་བྱང་ཆུབ་ཀྱི་སེམས་ཐུགས་སུ་ཆུད་པའོ། ། བདག་ཅག་རེག་འཛེད་གྱི་ཚོགས་སུ་གྱུར་པ་རྣམས་བྱང་ཆུབ་སེམས་ལ་སྨོས་པར་འཚལ། འཇུག་པར་འཚལ། ལྡང་བར་འཚལ།། གནས
287b4 བར་འཚལ་ཏེ། བདག་ཅག་ཀྱང་རང་རང་གི་སེམས་གཡོས་པར་བགྱི། རེག་པར་བགྱི། ཉེ་བར་བགྱི། ཉམས་སུ་མྱོང་བ་རབ་ཀྱི་བར་འཚལ་ན་བདག་ཅག་དེ་འདྲ་བའི་བསམ་པ་ཅན་ལ་སྙིང་རྗེ་ཆེན་པོ་དགེངས་པར་མཛད
287b5 དུ་གསོལ། བདེ་བར་གཤེགས་པ་དགོངས་པ་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པ་ལས་གསང་བ་མཆོག་གི་བདག་པོས་གསོལ་བ་བཏབ་པར་ཐུགས་སུ་ཆུད་ནས་སྙིང་རྗེ་བྱང་ཆུབ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན
287b6 ལ་སྙོམས་པར་ཞུགས་ཏེ་གཉིས་སུ་མེད་པར་མངོན་པར་འདུ་མཛད་དོ། ། ཉིས་སུ་མེད་པར་མངོན་པར་འདུ་མཛད་པས་བྱང་ཆུབ་སེམས་ཀྱི་སྤྲིན་གྱིས་ཐམས་ཅད་རྒྱས་པར་ཁྱབ་པ་ནི་ཏིལ་འབྲུ་མར་གྱིས་ཁྱབ་པ་བཞིན་ནོ།། དེ་ནས་ཡང་འདི
287b7 གསུངས་སོ། ། ཨ་མའོ་ཡེ་ཤེས་རྣམ་ངག་ཆོས།། སྣ་ཚོགས་སྣང་ཡང་རྟོགས་པར་གསང་།། ངོ་བོ་ཉིད་དེ་བརྗོད་ང་མེད།། སྣོང་པ་ཡིན་ལ་བརྟན་པ་ལ།། ཨེ་མའོ་སྲིད་གསུམ་ཡེནས་རྣམ་པར་དག་པའི་དང་བཞིན་ལ།། བདག་ཏུ་ཏོན
287b8 པ་སྲིད་རྩའི་ཉེས་དམིགས་ཀྱིས། ། ཡུན་རིངས་དུས་ནས་འཁྱམས་པའི་འགྲོ་བ་རྣམས།། མི་སྡུག་བདེ་སྡུག་གན་པ་རྣམས་སོ་སོར་གཟང་།། ལོག་རྟོག་ནོར་བའི་དབང་གིས་ཀུན་བརྟགས་ཀྱང་།། རང་བཞིན་ཉིད་ལས་མཉམ་པ




iiif viewer powered by OpenSeadragon

287a - 288a

Texts on this page

Q453 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo