| | e-texts navigator
|
286b1 ཆེན་པོ་འདི་ངས་བཤད་པར་བྱ་ཡིས་སྐལ་པ་དང་ལྡན་པ་རྣམས་གསང་སྔགས་ཀྱིས་དོན་ཟབ་མོ་ནི་ཐོས་པར་དཀའ་ན་ཐོས་ནས་དེའི་དོན་ལ་གནས་པར་དཀའ་སྟེ་ཕལ་གྱི་ཐུན་མོང་དུ་མ་གྱུར་པའོ། ། འཕགས་པ་རྒྱུད་ཀྱི་རྒྱལ་པོ
286b2 ཡེ་ཤེས་རྔབ་པ་གློག་གིས་འཁོར་ལོའི་མདོ་ཞེས་བྱ་བ་ལས་སྔགས་ཀྱི་མདོ་བསྟན་པའི་ལེའུ་སྟེ་གསུབ་པའོ། ། །། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ་སྙིང་པོ་བྱང་ཆུབ་ངེས་པར་འགྲེལ་པ་ཞེས་བྱ་བའི
286b3 ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། ཞུགས་ནས་ཡང་འདུས་པའི་འཁོར་ཚོགས་ལ་བཀའ་སྩལ་ཏོ།། རིགས་ཀྱི་བུ་རྣམས་ཆོས་ཐམས་ཅད་ནི་བྱང་ཆུབ་སེམས་སུ་འདུས་ཤིང་བྱང་ཆུབ་ཀྱི་སེམས་ཉིདི་སྣང་བཤེས་པར་གྱི་ཞིག།
286b4 དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ལུས་དང་ངག་དང་སེམས་སུ་འདུས་ལ། ལུས་དང་ངག་དང་སེམས་ཉིད་ཆོས་ཐམས་ཅད་ཀྱི་རྣམ་པར་སྣང་ངོ་།། འདུས་པའི་འཁོར་ཚོགས་རྣམས་ཀྱིས་གསོལ་པ། ལུས་དང་ངག་དང
286b5 སེམས་བདག་ཅག་རྣམས་ཀྱིས་ཇི་ལྟར་བལྟ་བར་བགྱི། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། རིགས་ཀྱི་བ་རྣམས་ལུས་དང་ངག་དང་སེམས་ཀྱིས་མཚན་ཉིད་ནི་སེམས་ཀྱང་ལུས་དང་ངག་གི་རྣམ་པ་ལྟ་བུ།
286b6 ངག་ཀྱང་ལུས་དང་སེམས་ཀྱི་རྣམ་པ་ལྟ་བ། ལུས་ཀྱང་ཚིག་ཏུ་བརྗོད་པ་དང་སེམས་ཀྱིས་རྣམ་པ་ལྟ་བུར་རང་གིས་ལུས་དང་ངག་དང་སེམས་རྟོག་ཤིག། འོན་ཏང་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ།། དེ་ནས་ཡང་གས
286b7 བ་མཆོག་གི་བདག་པོ་དེས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སྙོམས་པར་འགྲ་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། ། ཨེ་མའོ་དངོས་པོ་ཐམས་ཅད་དང་བྲལ་བའི།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། གཟུང་དང
286b8 འཛིན་པ་རྣམ་པར་སྤངས། ། ཆོས་བདག་མེད་པ་པཉམ་ཉིད་པས།། རང་སེམས་གདོད་ནས་མ་སྐྱེས་པས།། སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་གསུངས་སོ།། དེ་ནས་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ
iiif viewer powered by OpenSeadragon
286a - 287a