e-texts navigator
Collection
Volume
Page
Wylie

284a1 སང་ཅེས་བཀའ་སྩལ་ཏོ། ། དགས་ཀྱི་བུ་རྣམས་ཅན་ཅིག། གང་ཆགགས་བརྗོད་དུ་དྲང་ཐམས་ཅད་ན་ཀུན་རྫོབ་ཀྱི་བདེན་པའོ།། བྱེད་བརྗོད་དུ་རུང་བ་མ་ཡིན་པའི་ཆས་གང་མེན་པ་དེན་དེན་དམ
284a2 བདེན་པའོ་གང་ཚིག་དང་ཡི་གེ་ལས་འདས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་པའོ། ། གང་ཚིག་དང་ཡི་གེས་བརྗོད་དུ་དྲང་བ་ཐམས་ཅད་ནི་གཟུགས་ཀྱི་བུའོ།། སྔགས་ཀྱི་ལ་བ་དང་སྤྱོད་པ་ཡང་དེ་ཉིད་ཡིན་ཏེ། གང་དོན་དམ་པའི
284a3 བདེན་པ་དང་ཆོས་ཀྱི་སྐུ་གང་ཡིན་པ་བདེ་ནི་སྔགས་ཀྱི་ལྟ་བ་ཡིན་པར་ཤེས་བྱར་བྱའོ། ། དེ་ཉིད་རྩཝའི་ཚུལ་དུ་གནས་པ་ལས་འབྲས་བུའི་ཚུལ་དུ་ཀུན་རྫོབ་ཀྱི་བདེན་པ་དང་། གཟུགས་ཀྱི་སྐུར་སྣང་། དེ་ལྟར་སྤྱད་པ་དང་སྙུར
284a4 དུ་རུང་བ་ཐམས་ཅད་ནི་སྤྱོད་པར་རྣལ་འབྱོར་ཅན་གྱིས་བལྟའོ། ། དེ་ནས་སྨྲ་བའི་སེང་གེ་བྱེད་པོ་པོ་རྡོ་རྗེ་ཀུན་ཏུ་བཟང་པོས་ཨ་ལ་ལ་ཏོ་ཞེས་པའི་སྒྲ་བརྗོད་དེ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ
284a5 འོད་སྐད་ཅེས་གསོལ་ཏོ། ། དེ་ལྟར་ལགས་ན་བཅོམ་ལྡན་འདས་སྔགས་ཀྱི་ལྟེ་བ་ལ་བྲེ་གནས་པ་གང་ལགས། ལྟ་བ་དང་སྤྱོད་པ་ལ་ཐོ་གནས་པ་ནི་གང་ལགས། སྤྱོད་པ་འབའ་ཞིག་ལ་བློ་གནས་པ་ནི་གང་ལགས། གསང
284a6 བ་མཆོག་གི་བདག་པོ་བཀའ་སྩལ་པ། ཕྲ་བའི་སེང་གེ་ལེགས་སོ།། དེའི་དོན་ཁྱོ་ང་ལེཞུ་པ་ནི་ལེགས་སོ།། སྦ་བའི་སེང་གེ་གསང་སྔགས་དེ་ནི་དེ་བཞིན་གཤེགས་པ་འབའ་ཤིག་གི་དགོངས་པའི་ཡུལ་ལོ།། དེ་ཅིའི་ཕྱིར
284a7 ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་དོན་དམ་པའི་བདེན་པ་ཙམ་ཀྱང་སྤངས་ན་ཀུན་རྫོབ་ཀྱི་བདེན་པ་ལྟ་ག་ལ་ཡོད་དེ་བདེན་པ་གཉིས་སུ་ཡང་དབྱེར་མེད་པའི་ཕྱིར་རོ།། ལྟ་བ་དང་སྤྱོད་པ་ལ་བློ་གནས་པ་ནརྣ་ལ་འབྱེར་བས
284a8 ཐོབ་པ་དང་། ས་ལ་བསྙེན་པ་རྣམས་ཏེ། དེ་ཅིའི་ཕྱིར་ཞེ་ན། རྣལ་འབྱོར་བློ་མཉམ་པ་ཉིད་དུ་བློ་ཆུང་བ་རྣམས་ལ་ནི། བདེན་པ་རྣམ་པ་གཉིས་ཀྱི་ཚུལ་ཡོད་དེ་དོན་དམ་པར་མ་སྐྱེས་པའི་ཚུལ་དུ་བློ་ཆུང་བ་དང་། ཀུན་རྫོབ་དུ




iiif viewer powered by OpenSeadragon

283b - 284b

Texts on this page

Q453 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo