| | e-texts navigator
|
283a1 གསལ་བ་བཏབ་པ་སྦ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་ཏུ་བཟང་པོ་ཁྱོད་ལ་བདག་ཅག་ཞུ་བར་སྤོབས་ན་གསང་བའི་སྐས་དབྱེ་བར་གསོལ། སྨྲ་བའི་སེ་ག་ཀུན་ཏུ་བཟང་པོས་བཀའ་སྩལ་པ། འདུས་པའི
283a2 འཁོར་ཚོགས་ཁོད་ཅི་དང་ཅི་འདོད་པ་བདག་ལ་ཞུས་ཤིག། བདག་གིས་གནང་བའི་སྐབས་དབོའོ།། འདུས་པའི་འཁོར་རྣམས་ཀྱིས་གསོལ་པ། སྨྲ་བའི་སེང་གེ་བྱིད་པ་པོ་དང་། ཀུན་ཏུ་བཟང་པོ་ཁྱོད་ནི་སངས
283a3 རྒྱས་ཐམས་ཅད་ཀྱི་ཡབ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྗེ་བཙུན་རྣལ་འབོར་པ་ཐམས་ཅད་ཀྱི་ཕུང་། ཆོས་ཐམས་ཅད་ཀྱི་མཛོད་ལགས་ན། བཅོམ་ལྡན་འདས་གཡེང་བ་མཆོག་གི་བདག
283a4 པོས་བདག་ཅག་འཁོར་ཀྱི་དཀྱིལ་འཁོར་འདིར། གསང་བའི་ཚིག་ལམ་གྱིས་སྟོན་པར་མི་སྣང་བའི་ཆུ་དང་རྐྱེར་བདག་ཅག་རྣམས་ལ་བསྟན་དུ་གསོལ། སྔ་བའི་སེང་གེ་ལེགས་པར་བསྟར་དུ་གསོལ
283a5 ནུས་པ་དང་། སྦ་བའི་སེང་གེས་བཀའ་སྩལ་པ། ཨཱཿཧཱ་ཨ་ལ་ལ་ཏོ།། རྒྱལ་བའི་སྲས་པོ་ཅང་མི་གསུང་།། མི་གསུང་བ་ཉིད་རྒྱ་ཆེར་བཤད།། བཤད་དུ་མེད་པའི་དོན་དེ་ནི།། རྟུལ་བ་རྣམས་ཀྱིས་མ་བཤད་དོ།། དེ་ལ་སྟོན་པ
283a6 རྒྱལ་མཆོག་ཀྱང་། ། རྣམ་པར་བརྗོ་པར་མི་མཛད་དེ།། བཀེའི་མི་སྩལ་བར་དགོངས་པའོ།། འདུས་པའི་འཁོར་རྣམས་ཉོད་ཅིག། དེ་བས་ན་གསང་བ་དོན་དམ་པའི་བྱང་ཆུབ་ཀྱི་སྙིང་པོ་དེ་སྤབས་པ་ལས་འདས་ཤིང་བརྗོད་དུ་མེད་པས
283a7 དེ་ལ་ཚིག་ཏུ་སྨྲ་བ་ལགས་པ་མ་ཡིན་ཏེ། ཚིག་ཏུ་ཐོས་པའི་དུས་ཉིད་གེལ་བ་ཡིན་པར་ཕྱོགས་བཅུ་རུས་བཞིའི་རྒྱལ་བ་རྣམས་ཀྱིས་ཀྱང་བཤ་དང་། ལ་བསྟོན་པ་ཉིད་ཀྱང་དོན་དེ་ཉིད་དགོངས་ནས་པ་གསུངས་སོ།། འདུས
283a8 པ་ཨའི་འཁོར་ཚོགས་རྣམས་དེ་བས་ནམ་སྐྱེས་པའི་ཆུབ་སེམས་ཅག་ཏུ་སྨོས་པ་དང་བྲལ་གྱིས་ཀྱང་ཀུན་རྫོབ་ཀྱི་དེན་པའི་དབང་དུ་པ་རྣམའ་ག་གནལ་འབྱོར་པ་རྣམས་ཚིག་གེ་འབྲང་བ་ར་རྟོགས་པ
iiif viewer powered by OpenSeadragon
282b - 283b