| | e-texts navigator
|
60a1 བདག་གི་མིང་བརྒྱད་པ་གསང་བ་གསང་སྔགས་ཀྱི་འཁོར་དང་བཅས་པ་རྣམས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ངས་བཤད་ཀྱིས་ཉོན་ཅིག། འདི་ལྟ་སྟེ། ཁྱོད་ནི་ཀླང
60a2 པོ་ཆེའི་རྣ་བ་ཅན་ཡིན། ། ཁྱོད་ནི་རྒྱན་བཟང་པོ་དང་ལྡན་པ་ཡིན།། ཁྱོད་ནི་རྣམ་པར་གནན་པ་ཡིན།། ཁྱད་ནི་རིན་པོ་ཆེའི་འབྱུང་ག་ཡིན། ཁྱོད་ནི་བདེན་པ་ཉིད་ཡིན། ཁྱོད་ནི་གཟུག་སྡུག་པའི་རྒྱན་དང་ལྡན་པ་ཡིན། ཁྱོད་ནི་འབར་བའི་མ་ལྕེ་དང་ལྡན
60a3 པ་ཡིན། ཁྱོད་ནི་གཟུགས་མཛེས་པ་ཡིན་ནོ།། ཁྱོད་ཀྱི་མིང་དག་མཁས་པ་དག་གིས་ཐོས་ན། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བདུན་གྱི་བར་དུ་སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར་རོ།། སངས་རྒྱས
60a4 དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་འཆི་བའི་དུས་ཀྱི་ཚེ་མདུན་ན་བཞུགས་ཤིང་དེ་དག་དེ་ལ་ཆོས་སྟོན་པར་མཛད་དོ། ། ཆོས་སྙན་པ་དེས་ནི་དེ་དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། བྱང་ཆུབ
60a5 སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་གཅིག་ཏུ་གནས་པར་འགྱུར་རོ། ། ན་མོ་བུད་དྷ་སྱ། ན་མོ་དྷརྨ་སྱ། ན་མོཿསཾ་གྷ་སྱ། ན་མོ་བཛྲ་པཱ་ཎི་སྱ། ཏད་ཡ་ཐཱ། ཨད་ཊེ། མད་ཊེ། ཁ་རང་ཊ། སོ་མེ་སོ་མཱ་སུ་ཁི་ཧི་རི་ཏི
60a6 རི། མི་རི་ཀི་རི། བྷི་རི་བི་ས་ནི་སིད་དྷུན་དུ། སརྦ་ཀརྱ་ཎི། ས་དྷ་ཡ་མན་ཏྲ་བ་ད་སྭཱ་ཧཱ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས
60a7 ལེགས་སོ་ལེགས་སོ། ། འདི་ལྟར་གསང་བ་ཆེན་པོ་བཀའ་སྩལ་པ་གང་ལགས་པ་དེ་ནི་ལེགས་སྟེ། བཅོམ་ལྡན་འདས་དེ་དེ་ལེགས་སོ།། དེ་དེ་ལེགས་ཏེ། བཅོམ་ལྡན་འདས་རིག་པ་མཆོག་སྒྲུབ་པ་ནི་བཟླས་བརྗོད་བགྱིད་པ
60a8 དང་། སྒྲུབ་པའི་ཚེ་མཆོད་པ་བགྱིས་ལ་མིང་བརྒྱད་པ་ཀླག་པར་བགྱིའོ།། བླགས་ནས་བདག་བསྡོད་པར་འགྱུར་ཏེ། དགའ་ནས་དངོས་གྲུབ་སྩོལ་བར་འཚལ་ལོ།། བགེགས་ཀྱང་འབྱུང་བར་མི་འགྱུར་ལ། ལྷ་རྣམས་ཀྱང་དགའ
iiif viewer powered by OpenSeadragon
59b - 60b