e-texts navigator
Collection
Volume
Page
Wylie

229b1 གསུངས་པ་གང་ཡིན་པ། ། དེ་ཡི་གནས་དང་ཚད་རྣམས་དང་།། སྔོན་ནི་བདག་ཉིད་འབའ་ཤིག་ལ།། མཐུ་ཆེན་རྡོ་རྗེ་འཛིན་གྱི་ལྷས།། རབ་ཏུ་གསང་བ་གསུང་བ་བཞིན།། ཉེར་འགྱུར་མངོན་དུ་ཕྱོགས་པ་དང་།། གསང་སྔགས་སྟེར་བར་འགྱུར་བ་དང་།
229b2 གཞན་དུ་ཕྱོགས་པ་གང་ཡིན་པ།། དེ་ཀུན་ཚངས་པ་ཁྱོད་ལ་བཤད།། གསང་སྔགས་ལ་སོགས་དང་ལྡན་པའི།། རིག་སྔགས་ཁྲོ་བོ་མང་པོ་ཀུན།། རྒྱལ་བའི་སྐུ་ལ་མངོན་ཕྱོགས་པར།། བསམ་གཏན་ངོ་མོས་ཕྱིར་རྟག་ཏུ་གནས།། དུས་གསུཾ
229b3 དུནི་ཕྲ་མོ་འདི། ། གསང་སྔགས་སྒྲུབ་ལ་བརྐུན་པ་ཡིས།། ཚངས་པ་རྟག་ཏུ་རིག་བྱ་བ།། ཡན་ལག་བཅུ་ཡི་ཆོ་ག་ལས།། མ་དད་པ་དང་སྙོམ་པ་དང་།། བསྒྲེས་སྐོམ་ཟིལ་གནོན་དེ་བཞིན་ཏེ།། རྒོད་དང་ཡིད་ཀྱི་གདུང་བ་དང་།། ལ་ས་ལ་ཐེ་ཚོམ་ཟབ
229b4 དང་། བཟླས་བརྗོད་པས་གཏན་མེ་ཞེན་དང་།། བསྡམ་པ་དག་ནི་གཤིག་པ་དང་།། ཅལ་ཅོལ་གཏམ་ལ་རབ་ཏུ་དང་།། མི་བྱ་བ་ལ་འཇུག་པ་དང་།། ལོ་ག་འདྲེན་གྱིས་ནི་བརླམས་པ་དང་།། རྨི་ལམ་ངན་པ་རྣམས་ཀྱང་མཐོང་།། སེམས་ཅན་དག་ལ
229b5 གནོད་བྱེད་དང་། ། ལྷ་རྣམས་ལ་ནི་སྨད་པ་དང་།། སྒྲུབ་པ་པོའི་ཆོ་ག་ལ།། གང་ཚེ་འདི་དག་བྱེད་པ་ན།། རྟག་ཏུ་འཚེ་བ་འབྱུང་བར་འགྱུར།། གསང་སྔགས་དེ་ལས་གཞན་དུ་ཕྱོགས།། གང་ཞིག་ཞི་བར་འདུག་པ་དང་།། སྒྲ་ཡོ་ངོ་བོ་བྱུང་བ་ན།
229b6 དེཚེ་སྔགས་པ་གསང་སྔགས་ལ།། ཉེ་བར་གྱུར་ཏེ་མངོན་དུ་ཕྱོགས།། ལྷ་དང་ལྷ་མིན་སེམས་ཅན་ནི།། དབང་ཕྱུག་ཡེ་ཤེས་འཇུག་པ་རྣམས།། མཐོང་ན་ཞི་བ་སྐྱེ་འགྱུར་བ།། དེ་ནི་མངོན་དུ་གྱུར་པ་སྟེ།། རྒྱལ་པོ་དང་ནི་ཕྱུག་པོ་དང་།། སྐྱེ་བོ
229b7 བུད་མེད་དགེ་བ་རྣམས། ། དབང་དུ་གྱུར་ཅིང་མངོན་དུ་ཕྱོགས།། པུས་མོ་འཛུགས་ཤིང་སྤྱི་བོས་འདུད།། དེ་ལ་ཤེས་པའང་སྐྱེ་བར་འགྱུར།། མཐོས་པའང་ཤེས་པར་འགྱུར།། སྐད་ཅིག་དག་ལ་ལུས་ལས་ནི།། བར་བར་མེ་བཞིན་འབང
229b8 བར་འགྱུར། ། ཀླུ་དང་སིལ་སྙན་སྒྲ་རྣམས་དང་།། ལྷ་རྣམས་ཀྱིས་ནི་སྨྲ་བར་ཡང་།། ལྷ་མངོན་ཕྱོགས་པའི་སྔགས་པ་ཡིས།། དེ་དག་རྟག་ཏུ་ཐོབ་པར་འགྱུར།། གསང་སྔགས་ལྷ་ནི་མངོན་ཕྱོགས་པའི།། སྒྲུབ་པ་པོ་ནི་མ་ཐུ་ཆེན་པོ།། བློ་ཅན




iiif viewer powered by OpenSeadragon

229a - 230a

Texts on this page

Q430 - bsam gtan gyi phyi ma rim par phye ba