| | e-texts navigator
|
203a1 པ་ག་ཅོ་། ། མས་མདགའ་པ་ན་པ་ས། དག་བྱུ་ས། པ་ན་། ན་གམས་།། དེ་གས་པརའི་བྱགས་དས། མ་ནལ་ལ་།
203a2 རྟེན་ཆེན་པོ་ཉམས་དགའ་དང་།། དབེན་པ་ཆེན་པོའི་གནས་དག་དང་། རི་བོའི་རྩེ་མོ་རྒྱ་ཆེན་གྱིས།། ངས་གྲུབ་དཀྱིལ་འཁོར་བྲི་བར་བྱ།། རྩེ་དག་དང་བ་དང་། རིའི་ཟོམ་དང་ཕྲག་དག་ཏུ།། སྒྲ་མིན་དག་ནི་འདོད་པ་ཡིས།། ས་འོག་རྡོ་དཀྱིལ་འབོར་གྱི།
203a3 པད་མའི་ཁ་ནི་བྱེ་བའི་ཚལ།། དང་སྐྱ་དག་ནི་སྒྲ་སྒྲོགས་པར།། རྒྱལ་སྲིད་འདོད་པའི་མནོར་འདོད་པས།། དཔལ་གྱི་དཀྱིལ་འཁོར་ཐམས་ཅད་བྲི།། མ་མོའི་གནས་དང་རི་རྩེ་དང་།། ལྷ་རྣམས་ཀྱི་ནི་གནས་དག་ཏུ།། གདོན་རྣམས་ར་ཏུ་འཇོམས་བྱེད་པ།།
203a4 རྡོ་རྗེ་ལྕགས་ཀྱུའི་དཀྱིལ་འཁོར་བ།། ལམ་གྱི་བཞི་མེད་ཆེན་པ་དང་། མཆོད་རྟེན་ཕྱག་ན་རྡོ་རྗེ་ལ།། མདུན་དུ་བསྒྲུབ་པ་པོ་ཡིས་ནི།། ཞོ་རྒྱལ་དཀྱིལ་འཁོར་བགེགས་འཇོམས་པ།། དེ་བཞིན་གཤེགས་པའི་ཀྱིལ་འཁོར་ནི།། གནས་ནི་བཟང་པོ་གཞན
203a5 རུ་ཡང་། མཁས་པ་ཡིས་ནི་ཁྱད་པར་དུ།། ཐམས་ཅད་བྲི་བར་བྱ་བ་ཡིན།། རབ་ཏུ་གནས་སོགས་དཀྱིལ་འཁོར་ཀུན།། མཁས་པ་ཡིས་ནི་ཁྱད་པར་དུ།། པད་མའི་མཚོའི་ཉེ་འཁོར་དུ།། ཆོ་ག་བཞིན་དུ་བྲི་བར་བྱ།། རིའི་རྩེ་མོར་མཁས་པ་ཡིས།། ར
203a6 ལས་བྱུང་བའི་ཆོ་ག་བཞིན། ། རྣམ་པར་གནོན་སོགས་དཀྱིལ་འཁོར་ཀུན།། བྱད་བར་དུ་ནི་བྲི་བར་བྱ།། རྣམ་པར་ངེས་པའི་གནས་འདི་ནི།། བྱད་པར་དུ་དེ་བསྟན་པ་ཡིན།། རབ་ཏུ་བསྒྲིམས་ཏེ་ཐམས་ཅད་ལ།། ས་ནི་ནཔ་གསུམ་ཡོངས་སུ་ཏ།
203a7 ཁྱད་པར་ཕུན་སུམ་མ་ལྡན་ན།། སྤྱིའི་ལས་ཀྱིས་བྲི་བར་བྱ།། ཕུན་སུམ་ཚོགས་པར་ཀུན་བཟང་བའོ།། ཚོགས་པ་དག་ནི་རྙེད་པར་དཀའ།། མདོར་ནས་གཞི་མཉམ་པ་དང་།། མདངས་སྡུམ་ཤར་དུ་གཞོལ་བ་བཞེད།། ཆུ་མེད་ལྡན་པའི་གནས
203a8 དང་ནི། ། ལྗོ་ཤིང་བཟང་པོས་བརྒྱན་པ་དང་།། བདག་གི་མིག་ཡིད་མགུ་བ་དང་།། འཚེ་མེད་ཟུག་རྔུ་སྤངས་པ་ནི།། དཀྱིལ་འཁོར་གནས་སུ་ཤིས་པ་སྟེ།། མིའི་དངོས་གྲུབ་ཀུན་ཐོབ་བྱེད།། དྲང་སྲོང་གནས་དང་བསླང་ལྷས།། ཕུག་དང་རིའི་རྩེ་མོ།
iiif viewer powered by OpenSeadragon
202b - 203b