e-texts navigator
Collection
Volume
Page
Wylie

189b1 མེད་དག་པར་རིག་པ་དང་། ། གསོ་སྦྱོང་སྡོམ་པ་དང་ནི་ལྡན་པ་ཡིས།། ཉིན་ཞག་གཅིག་གམ་གཉིས་སམ་གསུམ་དུ་ནི།། ཁ་ཟས་སྤངས་ཤིང་སྨྱུང་བར་གནས་པ་ཡིས།། ཉིན་ཞག་དེ་དག་འདས་པར་བྱས་ནས་སུ།། རང་གི་འབྱོར་ཕྱིར་བསྒྲུབ་ལ
189b2 འཇུག་པར་བྱ། ། གསུང་དེ་དཔུང་བཟང་གིས་ཐོས་སླར་གསོལ་བ།། ཟས་ཀྱིས་མི་འདག་ཅེས་ནི་སྔར་གསུངས་ན།། མཆོད་འོས་ཁྱོད་ཀྱིས་ལུས་དག་བགྱི་ཕྱིར་ཡང་།། ཅི་སླད་སྦྱང་བ་ཅི་བཟང་བགྱི་བར་གསུངས།། སྲིད་པར་མཐར་ཕྱིན་བདེ་བར་གཤེས
189b3 པ་ཡིས། ། ཤིང་རྟའི་མིག་སུ་བཟའ་བའང་ཅི་ཕྱིར་གསུང་ས།། རྡོ་རྗེ་ཅན་གྱིས་དཔུང་ཟང་ཚིག་གས་ན་ནས།། འབྲུག་སྨྲ་ཟབ་འདྲའི་གསུང་གིས་བཀའ་སྩལ་པ།། བུ་གཅིག་པུས་དག་བྱ་ཕྱིར་སྦྱང་བྱ་བར།། བདེ་གཤེགས་འདི་ན་ནམ་ཡང་མི་གསུང་སྟེ།
189b4 ལུས་འདི་མི་གཙང་ལྤགས་པ་ཤ་ཁྲག་རྐང།། གླང་རྒྱ་རྒྱུམ་མཚེར་མཆིན་མཁལ་མ་ཞག། མ་བྲིས་པ་པད་ཀན་ཁུ་ཆུ་བྱིས་དང་།། གཅིན་བསྣབས་བསྤུ་སྐྲ་དང་རུས་པ་དང་།། མིག་དང་ན་བ་སྣ་དང་འ་དང་ནི།། བཤེད་སྒོ་མཚན་དང་བུ་ག་དགུ་པོ་ཡི།། མན
189b5 དྲི་མ་སྣ་ཚོགས་མི་གཙང་བ། ། འཛག་པའི་རྒྱུན་ནི་རྟག་ཏུ་འབྱུང་བ་ཡི།། དེ་ལྟར་ཡན་ལག་ཐམས་ཅད་འདུས་པ་དང་།། ས་ཆུ་མེ་རླུང་ནམ་མཁའ་རྣམས་དང་ལྡན།། ཅི་བཞིན་ལས་ཀྱི་རྗེས་འབྲང་མི་ཡི་ལུས།། ཐམས་ཅད་ལྡན་པའི་གཟུགས་ལ་གནས
189b6 པ་ཡི། ། བཤང་གཅི་སྣབས་དང་མཆིལ་མ་པད་ཀན་དང་།། འདི་དག་ཟད་པར་བྱ་ཕྱིར་སྨྱུང་བར་གསུངས།། དྲི་མ་ཟད་ནས་མི་ཡི་ལུས་དག་ན།། རང་གི་འབྱོར་ཕྱིར་བསྒྲུབ་ལ་བདེ་བར་འཇུག། འདོད་ཆགས་ཀྱིས་ནི་གདུངས་པར་གྱུར་ན་ཡང་།། ལུས་ཀྱི་ཡན་ལག
189b7 འདི་དག་ཐམས་ཅད་ལ། ། དྲན་པ་རྩེ་གཅིག་མངོན་དུ་བྱས་ནས་ནི།། ཡེ་ཤེས་མིག་གིས་སོ་སོར་རྣམ་པར་རྟག། དེ་ལྟར་རང་གིས་ངེས་པར་བརྟགས་པ་ན།། ལུས་དང་སྲོག་ལ་རྗེས་སུ་ཆགས་པ་ཡི།། འདོད་ཆགས་རྩ་ནས་ཡོད་ཡེ་ཞེས་འགྱུར་ཏེ།།
189b8 ཉི་མས་མུན་ནག་གཏན་ནས་གསལ་བ་བཞིན།། ཕན་ཡོན་དེ་ཡིས་གསང་སྔགས་ཉེ་བསྙེན་ནས།། རང་གི་ལུས་ལ་ཉེ་བར་རིག་པ་དང་།། ཡར་གྱི་ཚེས་བརྒྱད་དམ་ནི་བཅུ་བཞི་ལ།། ཡང་ན་བཅཝ་ལྔ་ལ་ནི་བཟླས་བརྗོད་བྱ།། ལྷ་ཡི་གནས་ཀྱིས་དག




iiif viewer powered by OpenSeadragon

189a - 190a

Texts on this page

Q428 - 'phags pa dpung bzang gis zhus pa zhes bya ba'i rgyud