| | e-texts navigator
|
182a1 ཆེ་ཞིང་མཉམས་འཚར་བཅས།། རས་ཀྱི་གཟུགས་དམིལ་དངོས་གྲུབ་གཏེར།། གཙང་མ་སྤོས་ཆུས་བཏབ་པ་དེ་ལ་ནི།། མཚོན་རྩི་སྦྱིན་མེད་སྡོད་གསར་བླུགས་པ་ཡིས།། ཞུས་བྱས་གཙང་མ་གསོ་སྦྱོང་གཟུང་བའི་མི།། མཁས་པས་པ
182a2 གླང་སྤུ་ཡིས་བྲི་བར་བྱ། ། ཕྲེང་བ་བདུག་སྤོས་མར་མེ་ལྷ་བཤོས་དང་།། བྱུག་པ་དག་གིས་སྒྲ་གཟུགས་ཆེར་མཆོད་དེ།། ནུབ་ཕྱོགས་ཞལ་བསྟན་མི་གཡོ་བརྟན་པར་གདགས།། དེ་ཡི་སྤྱན་སྔར་དངོས་གྲུབ་བརྩམ་པར་བྱ།། གཙུག་ཕུད་གཞག་སྟེ་སྐྲའི
182a3 བྲེགས་ནས་སུ། ། འབྱུང་ཁར་ཚོན་གྱིས་གོས་ཀྱི་ཁ་དོག་བསྒྱུར།། གོས་དཀར་དག་གམ་ཤིང་ལོ་འམ་གསོ་མའམ།། ཟར་མ་འམ་ཤིང་ཤུན་རྣམས་ཀྱི་གོས་བགོའོ།། སླུ་བ་འམ་ལྕགས་སམ་འཇིམ་པ་ལས་བྱས་པའི་དབྱིབས་ནི་ལེགས་ཤིང་མི་རྩུབ
182a4 འཇམ་པ་དང་། ། མ་ཆག་ཟླུམ་ཞིང་མི་གིས་རྨ་མེད་པ།། ཡིད་དུ་འོང་བའི་ལྷུང་བཟེད་བཅང་བར་བྱ།། ཧ་ཅང་མི་ཉེ་ཧ་ཅང་མི་རིང་ལ།། བཟའ་བཏུང་མོད་ཅིང་ཆངས་རིགས་མང་བ་དང་།། འགྲོན་ལ་མཆོད་བྱེད་ལེགས་པར་གནས་པའི་གྲོང་།། བྲམ་ཟེ་ཕྱི་རོལ་སྐྱེ
182a5 བོ་མེད་པར་བརྟེན། ། ང་རྒྱལ་གྱིས་ནི་ནོན་པའི་བྲམ་ཟེ་རྣམས།། རིགས་ཀྱིས་རློམ་ཞིང་སྙིང་རྗེ་མི་ལྡན་པ།། དེ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ།། མཆོད་པ་མཐོང་ནས་བགེགས་ཀྱང་བྱེད་པར་འགྱུར།། བྲམ་ཟེ་སངས་རྒྱས་པ་ལ་ཅི་ལྟར་དམན།།
182a6 སྨྲ་བ་ལས་བྲམ་ཟེ་དག་ལ་རྨངས་རིགས་རྣམས།། བསྙེན་བཀུར་དང་ནི་མཆོད་པ་འབྱུང་བས་ན།། རྨངས་རིགས་ཀྱིས་ཀྱང་གསང་སྔགས་ཅི་ལྟར་བཟླས།། ལྷ་དང་འགྲོན་མཆོད་པ་དང་ལས་དྲུག་དང་།། རྒྱལ་པོ་དང་ནི་མེ་ལྷ་བསྟེན་པ་དང་།། བུ་ཡི་དོན་དུ་འགྲོ།
182a7 བར་བྱ་བ་དག། བྲམ་ཟེ་རྣམས་ཀྱི་ངེས་པར་གྲུབ་པ་ཡིན།། རྒྱལ་རིགས་རྗེའུ་རིགས་རྣམས་ཀྱང་རང་གི་ལས།། གྲུབ་པས་འདི་ལ་ཐེ་ཚོམ་མ་བྱེད་ཅེས།། བརྫུན་དུ་སྨྲ་བ་སྣ་ཚོགས་སྐྱོན་དག་གིས།། བདག་དང་གཞན་གྱི་སེམས་ནི་བསྲེག་པར་བྱེད།། ཡན
182a8 ལག་བརྒྱད་ལམ་གནས་པས་རྟག་ཏུ་ནི། ། ཉི་མ་ཕྱེད་འཚམས་ཚུན་ཆད་བསླང་བར་བྱ།། བྲམ་ཟེའི་དུས་ནི་ཕྱེ་དྲོ་ཡིན་པས་ན།། དེ་ཕྱིར་བྲམ་ཟེའི་ཁྱིམ་དུ་འགྲོ་མི་བྱ།། དགེ་དང་མི་དགེ་ཤེས་པ་བཟུང་ན་ནི།། བྲམ་ཟེ་རྨོངས་རིགས་དག་ལ་ཁྱད་པར་མེད།། འོན
iiif viewer powered by OpenSeadragon
181b - 182b