| | e-texts navigator
|
95a1 ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་བསྣང་བ་བགྱིས་ཏེ་རིག་པ་མཆོག་གི་སྔགས་ཀྱིས་བཏབ་པའི་ཆང་གིས་རྡོ་རྗེ་དཀྲུས་ལ་རིག་སྔགས་ཀྱང་ལན་བརྒྱད་བརྒྱ་བཟླས་བརྗོད་བགྱིས་ན། གང་གི་མིང་ནས་ཕྱུང
95a2 སྟེ་བཟླས་བརྗོད་བགྱིས་པ་དེ་གདོན་གྱིས་ཟིན་པར་འགྱུར་རོ། ། རྡོ་རྗེ་འོ་མས་བཀྲུས་ལ་རིག་སྔགས་ལན་བརྒྱད་སྟོང་བཟླས་པ་བགྱིས་ན་སོས་པར་འགྱུར་རོ།། ཡུལ་འཁོར་གཞིག་པར་འདོད་པས་སེང་ལྡེང་གི་རྡོ་རྗེ་བགྱིས
95a3 ལ་ཡར་གྱི་ངོ་ཚེས་བཅུ་གཉིས་ལ་ལག་ན་རྡོ་རྗེའི་མདུར་དུལ་རབརྒྱད་སྟོང་བཟླས་བརྗོད་བགྱིས་ཏེ། ཡུལ་གྱི་གཞི་མདོར་བཙུགས་ན་ཡུལ་འཁོར་འཇིག་པར་འགྱུར་རོ།། ཕྱུ་ན་སྔ་ཁོ་བཞིན་རྟག་པར་འགྱུར་རོ།། མ
95a4 ངོ་ཞག་དགུ་ལ་ལག་ན་རྡོ་རྗེའི་མདུན་དུ་རིག་པ་མཆོག་གིས་སྐེ་ཚོང་འབྲུ་ལ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་ཁྱིམ་ཕུང་བར་འགྱུར་རོ། ། ལག་ན་རྡོ་རྗེའི་མདུན་དུ་མར་དང་བསྲེས་པའི་སྐུ་ཚེའི་འབྲུ་ལས་ལན་བརྒྱད
95a5 སྟོང་སྦྱིན་བསྲེག་བགྱིས་ན་བརྟས་པར་འགྱུར་རོ། ། མར་གྱི་ངོ་ཞག་བརྒྱད་ལ་བསྤད་སྤུ་འཐུན་གྱི་འོ་མ་བླངས་ཏེ། རིག་པ་མཆོག་གི་བཟླས་བརྗོད་བྱེད་ཅིང་བསྲུངས་ལ། དེ་ལས་པར་སར་བླངས་ཏེ་ཐོད་པའི་ནང་དུ་བཞག
95a6 ལཐོད་པ་དེ་བླངས་ཏེ་མར་གྱི་འོ་ཞག་བཅུ་བཞ་ལ་ཉིན་ཞགཅིག་བསྐྱང་བ་བགྱིས་ལ་མ་ནི་མཚན་ཅིག་ཡོད་པར་སོང་སྟེ། འཐུང་པོ་ཐམས་ཅད་པའི་གཏོར་མ་བགྱིས་ལ་ཐོད་པ་དེ་ཐོགས་ཏེ་ལུས་ཀྱིས་ཀྱི་ཕྱོགས་སུ་འདུས
95a7 ལ་ཙ་ཙམ་ན་འབར་བ་སྲིད་དུ་བཟླས་བརྗོད་བགྱིའོ། ། དེ་ནས་དེ་འཐུངས་དེ་ཅི་འདོད་པའི་གཟུགས་སུ་འགྱུར་རོ།། ནམ་མཁའ་ལ་འགྲོ་བར་འགྱུར་རོ།། མི་སྣང་བར་འགྱུར་རོ།། གཟུགས་སྣ་ཚོགས་སྟོན་པར་འགྱུ་རོ།།
95a8 ལྔ་བརྒྱ་འཚ་བར་འགྱུར་རོ།། བདག་རིག་པའི་རྒྱལ་བའིམཆོག་འདི་ནི་རིག་པ་ཐམས་ཅད་ཀྱི་གཅ་བའོ།། བདག་བསྲུང་ན་གས་ཀྱི་མཐའ་བར་མདུད་པ་དང་།། གཞན་བསུང་པ་ན་སྟེ་གཙུག་ཏུ་ས་བདུད
iiif viewer powered by OpenSeadragon
94b - 95b