| | e-texts navigator
|
94b1 གཞོམ་པར་བགྱིའོ། ། ཤུགས་ལྡན་མས་སླར་གཤེགས་སུ་གསོལ་ལོ།། ཕྱིས་རེག་པ་མཆོག་གེ་རི་མོའི་གཟུགས་ཀྱི་མདུན་དུ་གུ་གུལ་གྱི་རི་ལུ་བརྒྱད་སྟོང་སྦྱིན་བསྲེགས་པགྱིས་ན་དངོས་གྲུབ་ཀྱི་མཚན་མར་བཅོམ་ལྡན་འ
94b2 ཀྱི་གཟུགས་འགུལ་བར་འགྱུར་རོ། ། ཞག་བདུན་ན་ཏི་ན་རབ་རྒྱ་རྙེད་པར་འགྱུར་རོ།། ཡང་ན་ལོངས་སྤྱོད་སྩོལ་བར་འགྱུར་རོ།། མར་གྱི་ངོ་ཞག་བརྒྱད་ན་ལག་ན་རྡོ་རྗེའི་མདུན་དུ། དུ་རུ་ཀའི་འབྲས་བུ་ལག་ལན་བརྒྱད་བརྒྱ་སྦྱིན
94b3 བསྲེག་བགྱིས་ན་གང་འདོད་པ་དེ་སྤྲོ་བར་འགྱུར་རོ། ། ལག་ན་ཛ་རྗེའི་མདུན་དུ་མ་དགུ་གུལ་གྱི་རོ་ལུ་བརྒྱད་བརྒྱའི་སྦྱིན་བསྲེག་བགྱིས་ན་སོས་པར་འགྱུར་རོ།། མར་བྱེའོ་ཞག་བརྒྱད་ལ་ཉིན་ཞག་གཅིག་བསླང་བ་བགྱིས
94b4 ཤིང་ཨ་ཤྭད་ཏིའི་ལོ་མདབ་ཀྱི་སྟེང་དུ་ལྡོང་རོས་བཞག་ལ་ཅེ་སྲེད་ཀྱིས་རྣམ་གསུམ་གྲུབ་པ་དེ་སྲེད་དུ་བཟླས་བརྗོད་བགྱི་འོ། ། དྲོ་བར་གྱུར་ན་རྐང་པས་མཆེའོ།། དུ་བ་འཐུལ་ན་མི་སྣང་བ་དང་ལོ་བདུན་སྟོང་དུ་མཆིའོ།། འབར་ན
94b5 བསྐལ་པར་གནས་པར་འགྱུར་རོ། ། རླུང་བཞིན་དུ་ལག་ན་རྡོ་རྗེའི་གནས་སུ་འཚོ་ཞིང་ཁ་ཟས་ཅི་འདོད་པཟའོ།། ཨ་ཐ་རཱ་ཛཱ་ནཱ་མ་ཤི་ཀ་དྷུ་ཀཱ་མ་ཀྲི་ཏ་ཨཥྚ་མྱ་ཨ་ཧོ་ར་ཏྲོ་ཤི་ཏེ་ན་བཛྲ་པཱ་ཎི་སྱ་ཨ་གྲ་ཏ་ཨརྐ་ཀཥྚེ་ཨ་ག་ནི་བརྦ
94b6 ལེ། དུ་དྷི་ར་ཨ་ག་ཏན་ཎ་ཏི་ལ་ནཱཾ་ཨཥྚ་ས་ཧ་སྲན་དྲ་ཛཱ་ཡང་རཱ་ཛཱ་བ་ཤོར་ཏི་བཛྲ་ཀཱ་མོ་བ་སང་ཧི་ཏམ། ཙི་སྟེ། དགྲགས་པར་འདོད་པ་ན་ལག་ན་རྡོ་རྗེའི་མདུན་དུ་སེང་ལྡེང་གི་ཞུགས་བུས་ལ་ཡུངས་དཀར་དང་སྐེ་ཆེའི་འབྲུ་ལས་ལན
94b7 བརྒྱད་སྟོང་དུ་སྦྱིན་བསྲེག་བགྱིས་ནང་དགྲ་འཆེའོ། ། གནོད་པར་སེམས་པར་བགྱི་ངན་ལག་ན་རྡོ་རྗེའི་མདུན་ཡི་དགས་ཀྱི་ཤིང་གི་ཞུགས་སུ་བུས་ལ་ཏེ་ལ་ནག་པོ་ལན་བརྒྱ་སྟོང་སྦྱིན་བསྲེག་བཀྱིས་ན། གནོད་པར་སེམས་པར་བགྱིས
94b8 པར་འགྱུར་རོ། ། མར་གྱི་རོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྲུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་རྐང་པ་གཡས་པའི་མཐེ་བོང་ལས་བཟུང་ལ། དེའི་མིང་ནས་སྤང་སྟེ་བཟླས་བརྗོད་བགྱིས་ན་འཕྲལ་ཏུ་དགྲར་མི་འགྱུར་རོ།། མར་གྱི
iiif viewer powered by OpenSeadragon
94a - 95a