e-texts navigator
Collection
Volume
Page
Wylie

94a1 པོ་དང་གྲུལ་བུམ་དང་སྲུལ་པོ་དང་མདངས་འཕྲོག་པ་དང་གདོན་བརྒྱན་མ་དང་། མ་མོ་དང་ལག་ན་རྡོ་རྗེའི་ཕྱག་བརྙན་དང་གང་གིས་ཀྱང་གླགས་མི་རྙེད་ཀྱི། ལག་ན་རྡོ་རྗེས་དེའི་མགོ་འགེམས་སོ།། བཅོམ་ལྡན་འདས་ཀྱི
94a2 ས་པྱན་སྔའམ་ཕྱོགས་གཙང་མར་མཆོད་པ་བགྱིས་ཏེ་རྩ་ཀུ་ཤྲའི་མདུང་རྩེ་གསུམ་པ་ཐོགས་ལ་ཡུངས་དཀར་དང་ཞོ་དང་སྦྲང་རྩི་དང་མར་བསྲེགས་པ་སྦྱིན་ཐུགས་ལན་ཉི་ཤུ་རྩ་གཅིག་སྦྱིན་བསྲེག་བགྱི་ཞིང་ཉིན་བདུན
94a3 དུས་གསུམ་དུ་གཅེར་བུར་སྐྲ་བཤིག་ལ་བགྱིས་ན་ནོར་སྩོལ་བར་བགྱིད་དོ། ། མར་གྱི་ངོ་ཞག་དྲུག་ནས་བརྩམས་ཏེ་མཚེ་འགྲམ་དུ་མཆིས་ལ་མར་གྱི་ངོ་ཞག་བརྒྱད་པའི་བར་དུ་ཡུངས་དཀར་དག་ལས་སྦྱིན་སྲེག་ལན་བརྒྱད
94a4 སྟོང་བགྱིས་ན་ནོར་དང་གོས་རྣམས་སྩོལ་བར་འགྱུར་རོ། ། འཕགས་པ་རིག་པའི་རྒྱལ་པོའི་མཆོག་སྒྲུབ་པ་ནི་རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་ངས་ལ་སྦྱིན་དང་མ་འདྲེས་པའི་ཚོན་རྩི་རྣམས་ཀྱིས་སངས
94a5 རྨས་ཀྱི་སྐུ་གཟུགས་བྲི་བར་བགྱིའོ། ། གཡས་ཕྱོགས་སུ་ལག་ན་རྡོ་རྗེ་སྟན་ནང་ཚངས་ཅན་གྱི་སྟེང་དུ་མཆིས་པར་བྲིའོ།། ལག་ནི་རྡོ་རྗེའི་འོག་ཏུ་རིག་པའི་མཆོག་བྲིའོ།། བཅོམ་ལྡན་འདས་ནི་གསེར་གྱི་ཁ་དོག་ལྟ་བུའོ།། ལག
94a6 རྡོ་རྗེ་རྡོ་སྟོབསངས་ཏེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། ། རིག་པའི་རྒྱལ་པོ་ཡང་རྫོབསས་ཏེ་རྐྱེན་ཐམས་ཅད་ཀྱིས་བརྒྱན་པ་སྟན་གོར་བུའི་སྟེང་ན་མཆིས་པར་བྲིའོ།། པར་བྱེ་རོ་ཞག་བཅུ་བཞིལ་ཉིན་ཞག་གཅིག་བསྐུ
94a7 བགྱིས་ཏེ་ཅི་ནུས་སུ་མཆོད་པར་བགྱིས་ལ་རྒྱལ་བའི་བློ་གྲོས་ཀྱིས་རིག་པའི་རྒྱལ་པོ་དགུག་པར་བྱའོ། ། རྗེའི་འ། འི་ལྟེ་བས་སྤོས་དངལ་བར་བཀྱེའོ།། མཁ་ལས་མེ་ཏོག་དབུལ་བར་བགྱིའོ།། ང
94a8 དཀར་གྱིས་སྲུང་བར་བགྱིའོ། ། རྡོ་རྗེ་སེར་མོས་ཁྲུས་བཀྱེའོ།། ནག་མོས་ཁུ་བབ་ཅིང་བར་བགྱིའོ།། དང་གིས་ཚོགས་སེཾ་དའི་ཁྲིས་བདུག་པར་བགྱིའོ།། རྡོརྗེ་ལྡན་མས་བགེགས




iiif viewer powered by OpenSeadragon

93b - 94b

Texts on this page

Q402 - 'phags pa rig pa mchog gi rgyud chen po