| | e-texts navigator
|
92a1 རིག་སྔགས་ཐམས་ཅད་གཅད་པར་འགྱུར་རོ། ། ལན་གསུམ་བརྗོད་ནས་རེག་ཐ་འཆང་བར་འགྱུར་རོ།། མར་གྱི་ངོ་ཞག་བརྒྱད་ལ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ལ་ངག་སྔགས་ག
92a2 ཡི་གེ་མ་ཚང་བའམ་དྲན་པ་ཉམས་པ་དེ་ལན་བརྒྱ་རྩ་བརྒྱད་བརྗོད་དེ། རིག་པའི་མཆོག་གི་སྙིང་པོ་དང་ལྷན་ཅིག་ཏུ་ལན་གསུམ་བརྗོད་ན་རྨི་ལམ་དུ་སྟོན་ཏོ།། ཅི་སྟེ་ལས་བརྗོད་པར་གྱུར་ནཙཱ་ཀུ་ཤས་བྱབ་པར་བྱ་སྟེ་རྫོགས
92a3 པར་འགྱུར་རོ། ། ལག་ན་རྡོ་རྗེའི་མདུན་དུ་ལན་བཞི་བརྗོད་ན་དགེ་དང་མི་དགེ་བ་སྟོན་པར་འགྱུར་རོ།། ཅི་འདོད་པ་བཞིན་དུ་སྦྱོར་བ་བགྱིས་ན་ལས་རྣམས་སུ་འགྱུར་རོ།། གདོན་ཚར་གཅད་ན་ཐལ་བའམ་ཆུའམ་དུར་ཁྲོད་ཀྱི་སོལ
92a4 བས་བསྟན་ནོ། ། ཡང་ན་གཟུགས་བགྱིས་ཏེ་ལྡུམ་མས་བཞུས་ན་གཏོང་བར་འགྱུར་རོ།། ཡང་ན་ས་ལ་གཟུགས་བགྱིས་ཏེ་དུར་ཁྲོད་ཀྱི་སོལ་བས་ལག་མཐིལ་ལ་རྡོ་རྗེ་བྲིས་ཏེ། ལག་པས་བཀབ་ན་གཏོང་བར་འགྱུར་རོ།། སྐུད
92a5 བ་ལ་མཛང་པ་བོར་བ་རྣམས་ཀྱིས་རིག་སྔགས་བཅིང་ངོ་། ། མཁའ་འགྲོ་མ་རྣམས་བཅད་པར་བགྱི་ན་ཡུངས་དཀར་དག་ལ་ལན་བདུན་བདུན་པསྔགས་ཏེ་བསྣུན་ན་མཁའ་འགྲོ་མ་ཐམས་ཅད་མ་རུང་བར་འགྱུར་རོ།། དཔ
92a6 པར་བགྱི་ན་ན་བར་བཟླས་བརྗོད་བགྱིའོ། ། ཡང་ན་ཙན་དན་དམར་པོར་དཀྱིལ་འཁོར་བླུགས་ལ་རྡོ་རྗེ་རྩེ་ལྔ་པ་བྲིས་ཏེ་གུ་གུལ་གྱིས་བདུག་པ་དང་མེ་ཏོག་རྣམས་ཀྱིས་དབབ་བོ།། ཕྱག་རྒྱ་གཞིག་ན་ཆུའམ། ཐལ་ལྕགས་སམ།
92a7 སོ་པག་རྣམས་ཀྱིས་སོ།། དུག་ལས་གསོན་ཆུའམ། རྨ་བྱའི་མདོངས་སམ་ཆུ་ཀྲི་འམ་མེ་ལོང་གིས་སོ།། མར་གྱི་ངོ་ཞག་བཅུ་བཞི་ནས་ལག་ན་རྡོ་རྗེའི་མདུན་དུ་ཞག་གསུམ་བསྲུང་བར་བྱས་པ་བརྒྱད་སྟོང་བཟླས
92a8 བརྗོད་བགྱིའོ། ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་དམ་པ་སྩོལ་བར་འགྱུར་ཏེ། དེའི་འོག་ཏུ་དྲུག་གསོ་བ་ལ་སོགས་པ་དང་ལས་གཞན་རྣམས་ཀྱང་བགྱིའོ།། གལ་ཏེ་མཁའ་འགྲོ་མ་རྣམས་ཤིན་ཏུ་གཙང་བ
iiif viewer powered by OpenSeadragon
91b - 92b