| | e-texts navigator
|
91b1 སྒྲུབ་པ། སྟབས་དང་པ་ལ་གནན་པ་དང་ག་ཏུམ་བས་པ་བཀན་པ་ཐོགས་པ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དག་པར་རྒྱལ་པོ་བཤད་པར་བགྱིའོ།། ཀྱེ་ལ་ཡུལ་དང་ས་དང་དུལ་གནས་པར་འབྱུང་པོའི་ཆགས་རྣམས
91b2 ཁྱོད་ཡིད་རྩེ་གཅིག་ཏུ་གྱིས་ལ་ཉོན་ཅིག། རྡོ་རྗེས་མགོ་བགས་པར་གྱུར་ཏ་རེ། དེ་ནས་ལག་ན་རྡོ་རྗེས་རང་གི་རིག་པའི་ཚོགས་ལ་བལྟས་ནས་གསང་སྔགས་སྨྲས་པ། ན་མོ་རད་ན་ཏྲ་ཡ་སྱ། ན་མ་ཤུཎ་ཌ་བཛྲ་པཱ་ཎི་སྱ། མ་ཧཱ
91b3 ཡཀྵ་ས་ནབ་ཏ་སྱ། མ་ཧཱ་ཤཱཀྱ་ས་མ་བྷུ་དཱ་ཡ། བི་རི། ཀཱི་རཱི། མརྠ། ཎ་རཱི། བདུང་རྟབ་ས་རྩེ་ཆེན་དུ་རྨན་ལ་སྭཱཧཱ།། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་འདར་ཡོད་ཡོད་ནས་ཐལ་མོ་སྟེར་ཏེ་བཅོམ་ལྡན་འདས་ལ།
91b4 འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ལ་སྒྲུབ་ཏུ་གསོལ།། བདེ་བར་གཤེགས་པ་བདག་ཅག་ལ་བསྐྱབ་དུ་གསོལ།། དེ་ནས་གནོད་སྦྱིན་གྱི་དབང་པོ་ལག་ན་རྡོ་རྗེས་ཐམས་ཅད་དང་ལྡན་པའི་འཁོར
91b5 དེ་དག་ལ་གྲོགས་པོ་དག་མ་འཇིགས་ཤིག། རིག་པའི་རྒྱལ་པོ་དྲན་པར་གྱིས་ཤིག་ཅེས་དབུགས་ཕྱུང་ངོ་།། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས
91b6 གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་འདི་ལྟ་བུའི་གསང་སྔགས་ཀྱི་ཚིག་དག་འཆད་པ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་རིག་པའི་རྒྱལ་བ་གང་ན་གནས་པ་དེར
91b7 མཆོད་པར་འཚལ་ལོ་སུ་ཀློག་པ་དང་། མཆོད་པར་བགྱིད་པ་དང་། སྒྲུབ་པའི་རིག་སྔགས་འཆང་དེའི་བརྩོན་པ་བསྐྱེད་པར་བགྱིའོ།། བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ།། དེ་ན་པ་རིག་པའི་རྒྱ
91b8 ལས་ནི་འདི་ལགས་ཏེ། སྲད་བུ་འམ་ཐལ་བ་འམ་ཚུ་ལ་ལན་ཅིག་བརྗོད་པས་བསྲུངས་པར་འགྱུར་རོ།། རེག་སྔགས་གཅད་ན་མཚོན་རྣོན་པོ་ལ་ལན་གཉིས་བརྗོད་དེ་རྩ་ཀུ་ཤ་གཅད་དོ།། ཡང་ན་ས་དྲའོ།། དེ་ལྟར་ན
iiif viewer powered by OpenSeadragon
91a - 92a