| | e-texts navigator
|
91a1 འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་དང་ཕྱག་ན་རྡོ་རྗེ་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་གདོལ་པའི་རྒྱལ་པོ་ཐུལ་བུ་གསུམ་པ་ཡང་འཁོར་དེ་ཉིད་དུ་འདུས
91a2 པར་གྱུར་ཏོ། ། རྒྱལ་པོ་ཆེན་པོ་བཞི་ཡང་གཡོག་འཁོར་བྱེ་བ་ཕྲག་དུ་མས་ཀུན་ནས་བསྐོར་ཏེ་འཁོར་དེ་ཉིད་དུ་འདུས་ནས་བཅོམ་ལྡན་འདས་ཀྱིས་ཞབྲལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་བྱང་ཆུབ
91a3 སེམས་དཔའ་ལག་ན་རྡོ་རྗེས་བླ་གོས་ཕྲག་པ་གཅི་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུང་ངོ་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།
91a4 བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་བདག་གསང་སྔགས་ཀྱི་ཚིག་འཆད་པར་གནང་བར་མཛད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།
91a5 ལག་ན་རྡོ་རྗེ་ཁྱོད་ནི་ཤིན་དུ་མ་རུངས་པ། ལག་ན་རྡོ་རྗེ་ཁྱོད་ནི་ཤིན་ཏུ་བརྩམ་པ་མེད་པ། ཤིན་དུ་གཏུམ་པ་ཡིན་ན། ཅི་ལྟར་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་གསང་སྔགས་འཆང་། ལག་ན་རྡོ་རྗེ་ཁྱོད་ནི་དམ་ཚིག་ཤེས་པ་ཡིན
91a6 ན། སེམས་ཅན་གང་དག་དམ་ཚིག་མི་ཤེས་པར་བརྗོད་པ་རྣམས་ནི་རྡོ་རྗེས་མཐར་བྱེད་པ་ཡིན་ན། ཁྱོད་ཅི་ལྟར་གསང་སྔགས་འཆང་། གསོལ་བ་བཅོམ་ལྡན་འདས་དེ་དེ་ལྟ་ལགས་མོད་ཀྱི། བཅོམ་ལྡན་འདས་གང་དག་རིག་པ
91a7 མཆོག་འདིའི་དོན་འདོན་པ་དང་འཆང་བ་དང་། མཆོད་པ་བགྱིད་པ་དེ་དག་ན་བདག་གི་དམ་ཚིག་འཚལ་བ་ལགས།། བདག་གི་དཀྱིལ་འཁོར་དུ་ཞུགས་པ་ལགས་པས་བཅོམ་ལྡན་འདས་ཀྱིས་གནང་བ་མཛད་དུ་གསོལ།
91a8 དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་ཡི་གེ་བཞི་པ་ཞེས་བགྱི་བ་འདི་ནི་རིག་པའི་ཚོགས་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ལ་མང་པོ་རབ་ཏུ
iiif viewer powered by OpenSeadragon
90b - 91b