| | e-texts navigator
|
83a1 བ་དང་། རྒྱལ་བ་སྲས་བཅས་ཆོས་ཀྱི་བླ་མར་གྱུར།། མཁྱེན་པའི་རིམ་པར་ས་རྣམས་བཀོད་པ་ཡི།། ཤེས་རབ་དཀྱིལ་འཁོར་མང་ལ་སྐྱབས་སུ་མཆི།། ཕྱག་འཚལ་དཔལ་ལྡན་ལྷ་མོ་དབྱངས་ཅན་ལ།
83a2 འཇིག་རྟེན་ཁམས་འདིར་སྨྲ་ལ་དབང་བརྙེས་ཤེས།། དྲང་སྲོང་རེག་གསུམ་རིག་པའི་ཕ་རོལ་གཤེགས།། དེ་ནི་སྤྱོད་པ་རྒྱ་ཆེན་རྣམས་ལས་བྱུང་།། སེམས་ཅན་དོན་ཕྱིར་འཕྲིན་ལས་ཆེན་པོའི་ཁུར།། སྤྲོ་བར་དཀའ་བ་ཀུནཿ
83a3 ཁྱོད་ཀྱིས་མཛད། ། ས་དང་ཕ་རོལ་ཕྱིན་པ་བཅུ་སྤྱད་པས།། དགེ་བའི་ཚོ་གས་བརྟན་ཡིད་བཞིན་ལུས་སུ་བསྒྱུར།། ཞལ་གྱི་དཀྱིལ་འཁོར་ཟླ་བ་དྲི་མེད་རྒྱས།། ཐུགས་རྗེའི་སྤྱན་གསལ་འགྲོ་བའི་མིག་འབྱེད་པ།། དུས་རི
83a4 འཇིག་རྟེན་ཀུན་ལ་བདེ་བར་གཟིགས། ། དེ་ལ་ཐ་དབང་ཚངས་ཚོགས་ཤིན་དུ་འདུད།། བྱམས་ཤིང་བསོད་ལྡན་སྙིང་རྗེ་སྐྱེད་པའི་མ།། ལྷ་མོ་མཆོག་སྟེ་འགྲོ་ཀུན་སྐྱོང་བར་དགྱེས།། ཟོར་ཚུགས་རི་བོ་རྩེ་འདྲའ་སྤོབས་པ
83a5 འཕགས། ། ཤེས་རབ་ཟབ་ཅིང་ཤེས་པའི་རྟེན་བྱེད་ཀྱང་།། རིག་པའི་གནས་ལ་མངའ་བརྙེས་ཚིག་གི་བདག། འཇིག་རྟེན་ན་ཡང་ལྷའི་ལྷར་གྱུར་ལ།། སྡུག་བསྔལ་བསལ་བར་རབ་བརྩོན་གཉེན་མཆོག་པས
83a6 པྲ་སུ་ཏོག་གེ་པ་རྣམས་ཀུན་ཀྱང་འདུ། ། ཡན་གརྣམ་པར་འབྱེས་ཤིང་གསུང་སྙན་པ།། ཡོན་ཏན་དྲི་མེད་བསོད་ནམས་འབ་བར་གྱིངས།། རེག་པ་མཆོག་གི་དངོས་གྲུབ་སྦྱིན་མཛད་པས།། བློ་མྱུར་ཚིག་འཆང
83a7 སྤོབས་པའི་མཆོག་གྲོལ་ཅིག། སེམས་ཅན་ཀུན་ལ་རྟག་ཏུ་ཕན་སེམས་པ།། མི་སླུ་མཆོག་ཁྱོད་རྣམ་གྲོལས་ལ་བཞུགས།། ཐུགས་དམ་བརྟན་བཅས་སྐུལ་བ་རྣམས་ལ་ཡང་།། དཔལ་གྱིས་དགོངས་ཤིང་དོན་ཀུན
83a8 ཉེ་བར་སློང་འཇིག་རྟེན་དག་ན་སྣང་བ་ཀུན། ། སྒྲ་འཇོམས་ཁྱད་པར་ཚིག་གིས་དོན་མཚོན་ཏེ།། བན་ཚུན་ཤེས་ཤིང་ཡང་དག་བརྡའ་སྤོང་བའམ།། དབྱངས་ཅན་བྱེད་ཀྱི་མཐུ་སྟེ་བསམ་མེ་བྱ་བ།
iiif viewer powered by OpenSeadragon
82b - 83b