e-texts navigator
Collection
Volume
Page
Wylie

82b1 ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཟླ་བའི་བླ་མ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་རྗེ་ཆེན་པོ་དང་ལྡན་པ་འཇིགས་པ་མེད་པར་བྱེད་པ་ལ་ཕྱག་འཚལ་ལོ།། ཏདྱ
82b2 དྷ་རེ་དྷ་རེ། དྷ་རེ་དྷ་ར་ཎཱི། རན་ཀོ་ཏེ་ཨ་བྷ་ཡཱ་ཀ་ལ་པེ། ཀ་ལ་པ་ནི་ག་ཎེ། ཨ་ནན་ཏ་ཀ་ལ་པེ། ཨ་མྲི་ཏ་ཀ་ལ་པེ། ཧུ་ཏཱ་ཤ་རེ། ཨ་ནན་ཏ་མུ་ཁེ། ཨ་ནན་ཏ་ཙཀྵ་ས་མུད་ག་ཏེ། ཨོཾ་བྷ་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་ཀྱི་ག
82b3 སྔགས་འདི་དག་ནི་སེམས་ཅན་ན་སོང་དུ་འགྲོ་བ་རྣམས་ཀྱི་དོན་གྱི་ཕྱིར། ། སངས་རྒྱས་བཅོམ་ལྡན་འདས་གང་གའི་ཀླུང་གི་བྱེ་མ་སྙེད་དག་གིས་གསུངས་པ་དང་། བྱིན་གྱིས་བརླབས་པ་དང་། རྗེས་སུ་ཡི་རང་བ་ཡིན།
82b4 ནོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་ལ་ལ་གཟུངས་འདི་འཛིན་པར་བྱེད་པ་དེ་འཇིགས་པ་བརྒྱད་པོ་སེམས་ཅན་དམྱལ་བའི་འཇིག་པ་མཐའ་ཡས་པ་དང་། དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་པ་མཐའ་ཡས
82b5 པ་དང་། གཤིན་རྗེའི་འཇིག་རྟེན་གྱི་འཇིགས་པ་མཐའ་ཡས་པ་དང་། ཡི་དགས་ཀྱི་འཇིགས་པ་མཐའ་ཡས་པ་དང་། བགྲོད་དཀའ་བའི་འཇིགས་པ་མཐའ་ཡས་པ་དང་། སྐྱེ་བའི་འཇིག་པ་མཐའ་ཡས་པ་དང
82b6 ད་ཀྱི་འཇིགས་པ་མཐའ་ཡས་པ་དང་། འཆི་བའི་འཇིགས་པ་མཐའ་ཡས་པ་དག་ལས་ཡང་དག་པར་འདའ་བར་འགྱུར་རོ།། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པར་འགྱུར་རོ།།
82b7 སེམས་རྣམ་པར་གཡེང་བ་མེད་པར་འཆི་བའི་དུས་བྱེད་ཅིང་། སངས་རྒྱས་རྣམས་ཀྱི་སྤྱན་སྔར་སྐྱེ་བར་འགྱུར།། ཟད་མི་ཤེས་པའི་ལུས་ཐོབ་པར་འགྱུར།། སྤྲུལ་པའི་ལུས་ཀྱང་ཐོབ་པར་འགྱུར་རོ།། ན་མཿསརྦ་ཨུ0f7f
82b8 སིད་དྷུན་ཏུ་མ་པད་ཨུ0f7f་པཱ་ད་སྭཱ་ཧཱ། ། འཕགས་པ་འཇིགས་པ་ཆེན་པོ་བརྒྱད་ལས་སྒྲོལ་བ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །། དཔལ་ལྷ་མོ་སྒྲ་དབྱངས་ལ་བསྟོད་པ། ལམ་གང་གིས་ན་སངས་རྒྱས་འབྱུང




iiif viewer powered by OpenSeadragon

82a - 83a

Texts on this page

Q396 - 'phags pa 'jig pa chen po brgyad las sgrol ba zhes bya ba'i gzungs
Q397 - dpal lha mo sgra dbyangs la bstod pa