e-texts navigator
Collection
Volume
Page
Wylie

36b1 སོ་ན་སོ་ཤིང་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་བཅའ་བར་བགྱིའོ།། རྣ་བ་ནར་རས་བལ་གྱི་ས་བོར་འབྲུ་མར་དང་ལྷན་ཅིག་དུ་བསྐོལ་བ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ། ཟངས་ཀྱི་སྡོང
36b2 ཀྱིས་ན་བར་གྲགས་པར་བཀྱེའོ། ། གྲང་བ་ན་པ་ལ་འབྲུ་བར་རོ།། ལྷོར་བ་ལ་བྱབ་པར་བགྱིའོ།། གདོན་གྱིས་བཏབ་པ་ལ་ཚོར་སྲུང་སྔ་ལྔ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་མགུལ་དུ་གདགས་སོ།། མཁའ་འགྲོ་མའི་གདོ
36b3 ཀྱིས་བཏབ་ན་འབྲུ་མར་ལ་ལན་བདུན་བཟླས་ཏེ་གཤིས་ཐམས་ཅད་དུ་དྲུག་གོ། ། ནད་ཐམས་ཅད་ལ་ཁྱབ་པར་བགྱིའོ།། འདི་ནི་བསྒྲུབ་པ་ལ་མ་མཆིས་པའི་ཆོ་གའོ།། ཇི་ལྟར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ
36b4 མཐོང་བ་དང་། གཟུངས་དང་། ཏིང་ངེ་འཛིན་འཐོབ་པ་དང་། རྫུ་འཕྲུལ་གྱིས་འགྲོ་བ་དང་། མི་སྡང་བར་བགྱི་བ་དང་། མིག་སླུ་བ་དང་། ལྡོང་རོས་ལ་སོགས་པ་བསྒྲུབ་པར་འཚལ་ན། དེས་སྐུ་གདུང་དང་བཅས་པའི་མཆོད
36b5 ཏན་དང་སྐུ་གཟུགས་ཀྱི་སྤྱན་སྔར་དཀྱིལ་འཁོར་བགྱིས་ཏེ། ། བུམ་པ་གང་བ་བརྒྱ་རྩ་བརྒྱད་བཞག་ལ། གདུགས་དང་། རྒྱལ་མཚན་དང་། བ་དན་བྲེས་ཏེ། མེ་ཏོག་སྣ་ཚོགས་ཀྱིས་ཚལ་བར་བཀང་ལ། ཙན་དན་དང
36b6 ཨག་རུ་དང་། ཀུན་དུ་རུའི་བདུག་པས་བདུགས་ཏེ། པར་མེ་བརྒྱ་རྩབ་ཏུ་དབུད་མེད་མཆོད་པ་ཆེན་པོ་བགྱིས་ཏེ། ཚངས་པར་སྤྱོད་པ་གཙང་བས་གོས་གཙང་མ་བགོས་ལ་གཟུངས་ཀྱི་གསང་སྔགས་འདི་དག་གིས
36b7 མཚམས་གཅང་བ་རབགྱིའོ། ། ར་མོ་རད་ན་ཏྲ་ཡཱ་ཡ། ན་མཿཱ་ང་ཨཱ་བ་ལོ་ཀ་ཏ་ཤྭ་རཱ་ཡ། བྷོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏི་ལི་བྷན་དྷ་མི། མི་ལི་བྷན་དྷ་མི། ཙི་ལི་མི་ལི། བྷན་དྷ་མི།
36b8 བཱི་མི་བྷན་དྷ་མི། བདག་གི་མཚམས་ལས་སུ་ཡང་འདའ་བར་མ་གྱུར་ཅིག་སྭཱ་ཧཱ། ཚུལ་ལན་ཉི་ཤུརྞ་གི་ཅིག་ཡོངས་སུ་བཟླས་ཏེ་ཕྱོགས་བཅུར་མཚམས་གཅད་པར་བགྱིའོ།། གང་གིས་འགུག་པར་འགྱུར་བའི་གཟུངས




iiif viewer powered by OpenSeadragon

36a - 37a

Texts on this page

Q377 - 'phags pa kun tu bzang po zhes bya ba'i gzungs