| | e-texts navigator
|
271b1 དག་ཐེ་ཚོམ་འཚལ་གྱུར་ན། ། བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོ་ཡིས།། རྫུ་འཕྲུལ་འདི་ཡི་རྒྱུ་རྐྱེན་བཀས་བཤད་གསོལ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་འཛིན་གྱི་རྒྱལ་པོ་ལ་བཀའ་སྩལ་པ།། རིགས་ཀྱི་བུ་ཁྱེད་ཀྱིས་འདི
271b2 རིག་པར་བྱ་སྟེ། ། དེང་འཁོར་གྱི་དཀྱིལ་འཁོར་འདུས་པ་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་ཞིག་ཡོད་པ་དེ།། སྔོན་བསྐུལ་པ་ཚད་མེད་པ་ནས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཕུན་སུམ་ཚོགས
271b3 བར་གྱུར་པ་གཟུངས་ཀྱི་སྒོ་ཚད་མེད་པ་སྙེད་ཤིན་ཏུ་བསྒོམས་ཤིང་མངོན་པར་བསྒྲུབས་པར་གྱུར་པས། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་འདོད་པའི་ཕྱིར་གསང་སྟེ་འདི་ལྟ་བུའི་རྫུ་འཕྲུལ་གྱི་མཐུ་ཆེན་པོ་བསྟན་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས
271b4 དེ་སྐད་ཅེས་བཀའ་སྩལ་པ་དང་། ། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ་གོས་ཆགས་བཅོས་ནས།། བཅོམ་ལྡན་འདས་གལ་བདེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ
271b5 ལྡན་འདས་བདག་ལ་ཐུགས་རྗེ་ཆེན་པོའི་སེམས་ཤེས་བགྱི་བའི་གཟུངས་སྔགས་མཆིས་ཏེ། ། སེམས་ཅན་མང་པོ་རྣམས་ལ་སྨན་པ་དང་བདེ་བ་འཐོབ་པར་བགྱི་བ་དང་། ཁྲོ་ནང་ཐམས་ཅད་གསལ་བར་བགྱི་བ་དང་། ཚ་རིང་བར་འགྱུར་བ་དང་། ཕྱུག་ཅིང་འབྱོར།
271b6 པ་དང་ལྡན་པར་བགྱི་བ་དང་། སྡིག་པ་མི་དགེ་བའི་ལས་དང་ཁ་ན་མ་ཐོ་བ་ལྕི་བ་རྣམས་ཡོངས་སུ་སྦྱང་ཞིང་གསལ་པ་དང་། སྒྲིབ་པའི་བགེགས་རྣམས་དང་འབྲལ་བ་དང་། ཆོས་དཀར་པོའི་ཡོན་ཏན་ཐམས་ཅད་འཕེལ་བར་བགྱི་བ་དང་། དགེ་བའི་སབོན
271b7 ཐམས་ཅད་ཕུན་སུམ་ཚོགས་པར་བགྱི་བ་དང་། འཇིགས་ཤིང་སྐྲག་པ་ཐམས་ཅད་ཡོངས་སུ་སྤང་བར་བགྱི་བ་དང་། རེ་བ་ཐམས་ཅད་མྱུ་རུ་ཡོངས་སུ་རྫོགས་པར་གྱི་བའི་སླད་དུ་དེང་བཤད་པར་འཚལ་ན། བཅོམ་ལྡན་འདས་ཐུགས་བརྩེ་བར་དགོངས་ཏེ་གནང
271b8 བར་མཛད་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རིགས་ཀྱི་བུ་ཁྱོད་སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བ་འདོད་པའི་ཕྱིར་རིག་སྔགས་བཤད་པར་འདོད་པས་དེང་དུས་ལ་བབ་ཀྱིས་མྱུར་ཏུ་སྤྲོས་ཤིག་དང་། དེ་བཞིན
iiif viewer powered by OpenSeadragon
271a - 272a