| | e-texts navigator
|
264b1 སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་གཟུངས་སྔགས་ཀྱི་སྙིང་པོ་མཆིས་ཏེ་སེམས་ཅན་ཐམས་ཅད་བདེ་བ་ལ་གནས་པར་བགྱི་བ་དང་། ནད་ཐམས་ཅད
264b2 སེལ་བར་རབགྱི་བ་དང་། ཚེ་སྐྱོང་བར་བགྱི་བ་དང་། ཕྱུག་ཅིང་ལོངས་སྤྱོད་དང་ལྡན་པར་བགྱི་བ་དང་། སྡིག་པ་མི་དགེ་བའི་ལས་ཐམས་ཅད་སེལ་བར་བགྱི་བ་དང་། བགེགས་དང་བསྒྲིབ་པ་རྣམས་སེལ་བར་བགྱི་བ་དང་། ཆོས་དཀར་པོ་ཐམས་ཅད་དང་། ཡོན
264b3 ཏན་ཐམས་ཅད་རྣམ་པར་འཕེལ་བར་བགྱི་བ་དང་ལེགས་པའི་ས་བོན་ཐམས་ཅད་ཡོངས་སུ་གྲུབ་པར་བགྱི་བ་དང་། འཇིགས་ཤིང་སྐྲག་པར་འགྱུར་བ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱི་བ་དང་། རེ་བ་ཐམས་ཅད་མྱུར་དུ་བསྐོར་བར་བགྱི་བའི
264b4 སླད་དུ་བཤད་པར་འཚལ་ན། དེ་བཞིན་གཤེགས་པས་ཐུགས་རྗེར་དགོངས་ཏེ་གནང་བར་མཛད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རིགས་ཀྱི་བུ་བྱམས་པ་དང་།། སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་སེམས་ཅན་ཐམས་ཅད་བདེ
264b5 བལ་གནས་པར་བྱ་བའི་ཕྱིར་གསང་སྔགས་བཤད་པར་འདོད་ན་དུས་ལ་བབ་ཀྱིས་མྱུར་དུ་བཤད་པའི་རིགས་སོ། ། ང་ཡང་རྗེས་སུ་ཐུགས་རངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་བཞིན་དུ་རྗེས་སུ་ཐུགས་རངས་སོ་ཞེས་བཀའ་སྩལ་ནཱ
264b6 བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བདག་སྔོན་ཏུ་དྲན་པ་འདས་པའི་དུས་བསྐལ་པ་འབུམ་ཕྲག་གྲངས་མ་མཆིས་པའི་ཕ་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ
264b7 ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྟོང་འབབ་པའི་རྒྱལ་པོ་དབེན་པར་གནས་ཤེས་བགྱི་བ་འཇིག་རྟེན་ཏུ་གཤེགས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་བདག་དང་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། ཐུགས་རྗེར་དགོངས་པའི
264b8 སླད་དུ་ཤིན་ཏུ་རྒྱ་ཆེ་བ་ཐོགས་པ་མ་མཆིས་པའི་སླད་དུ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་གཟུངས་ཀྱི་སྙིང་པོ་འདི་བཤད་དེ། ། ཕྱག་གསེར་གྱི་ཁ་དོག་ཅན་བདག་གི་སྤྱི་བོར་བཞག་ནས། འདི་སྐད་ཅེས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་གསང་སྔགས
iiif viewer powered by OpenSeadragon
264a - 265a