| | e-texts navigator
|
253a1 གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་།། ལོག་པར་དང་སེལ་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུང་དང་། ཤཱཀྱ་ཐུབ་པ་ལ་རིན་པོ་ཆེ་དུན་གྱིས་མཆོད་པ་བྱས་པའི་བསོད་ནམས་ཀྱི་ཚད
253a2 ནི་བགང་པར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ།། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་ར་མི་ཏ་ཨ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛེ་རཱ་ཛཱ་ཡ་ཏ་ཐཱ་ག་ཏ་ཡ། ཨ་ར་ཧ་ཏེ་ས་མྱཀ་སཾ
253a3 བུད་དྷ་ཡ་ཏདྱ་ཐཱ། ཨོཾ་སརྦ་སཾ་སྐཱ་རི་པ་རི་ཤུད་དྷེ་དྷརྨྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུད་དྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ།། འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རི་རབ་དང་མཉམ་པའི་རིན་པོ་ཆེའི་ཟང་པོར་བྱས་ཏེ། སྦྱིན་པ་བྱིན་པ
253a4 དེའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ།། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་བ་ར་མི་ཏ་ཨ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛེ་རཱ་ཛཱ་ཡ
253a5 ཏ་ཐཱ་ག་ཏ་ཡ་ཨ་ར་ཧ་ཏེ་ས་མྱག་ས~ཾ་བུད་དྷ་ཡ་ཏདྱ་ཐཱ། ཨོཾ་སརྦ་སཾ་སྐཱ་རི་པ་རི་ཤུད་དྷ་དྷརྨྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུད་དྷེ་མ་ཧཱ་ན་ཡ་བ་རི་ཝ་རེ་སྭཱ་ཧཱ། འདི་ལྟ་སྟེ་དཔེ་ར་ན་རྒྱ་མཚོ་ཆེན་པོ་ཆུས་ཡོངས་སུ་གང་བའི་ཐིགས
253a6 པ་རེ་རེ་ནས་བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ།། ཨོཾ་ན་མོ་བྷ་ག་བ་ཏེ་ཨ་པ་ར་མི་ཏ་ཨ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨ་ར་ཧ་ཏེ་ས་མྱག
253a7 སཾ་བུད་དྷ་ཡ་ཏདྱ་ཐཱ། ཨོཾ་སརྦ་སཾ་སྐཱ་རི་པ་རི་ཤུད་དྷ་དྷརྨྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུད་དྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ།། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འདྲི་འམ།། ཡི་གེར་འདྲིང
253a8 འཇུག་གམ། གུས་པར་བྱས་ཏེ། མཆོད་པར་བྱེད་པ་དེ་དག་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་པ་དང་། མཆོད་པ་བྱས་པ་ཡིན་ནོ།། ཨོཾན་མོ་བྷ་ག་ཝ
iiif viewer powered by OpenSeadragon
252b - 253b