| | e-texts navigator
|
252b1 ས་ཕྱོགས་དེ་ཡང་མཆོད་རྟེན་དུ་འགྱུར་ཏེ། ཕྱག་བྱ་བའི་འོས་སུ་འགྱུར་རོ།། བྱོལ་སོང་གི་སྐྱེ་གནས་སུ་སོང་བའི་བྱ་དང་རི་དགས་གང་དག་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི
252b2 བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་ར་མི་ཏ་ཨ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛེ་རཱ་ཛཱ་ཡ་ཏ་ཐཱ་ག་ཏ་ཡ་ཨ་ར་ཧ་ཏེ་ས་མྱཀ་སཾ་བུད་དྷ་ཡ་ཏདྱ་ཐཱ། ཨོཾ་སརྦ་སཾ་སྐཱ་རི་བ་རེ་ཤུད་དྷ་དྷརྨྨ་ཎ
252b3 ག་གནས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུད་དྷ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འདྲིའམ། ཡི་གེར་འདྲིར་འཇུག་ན། དེ་བུད་མེད་ཀྱི་དངོས་པོར་ནམ་དུ་ཡང་སྐྱེ་བར་མི་འགྱུར་རོ།།
252b4 ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་ར་མི་ཏ་ཨ་ཡུར་ཛྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛེ་རཱ་ཛཱ་ཡ་ཏ་ཐཱ་ག་ཏ་ཡ་ཨ་ར་ཧ་ཏེ་ས་མྱ་ཀ་སཾ་བུད་དྷ་ཡ་ཏདྱ་ཐཱ། ཨོཾ་སརྦ་སཾ་སྐཱ་རི་པ་རི་ཤུད་དྷ་དྷརྨྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུད་དྷེ་མ་ཧཱ་ན་ཡ་པ་རི་ཝ་རེ
252b5 སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོས་ཀྱི་རྣམ་གྲངས་འདིའི་ཕྱིར་ཀར་ཤ་བ་ནི་གཅིག་སྦྱིན་པ་བྱིན་ན། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང
252b6 སྟེ་སྦྱིན་པ་བྱིན་པར་འགྱུར་རོ། ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་ར་སི་ཏ་ཨ་ཡུར་ཛྙཱ་ན་སུ་བི་ནི་ཤཱིཏ་ཏེ་ཛེ་རཱ་ཛཱ་ཡ་ཏ་ཐཱ་ག་ཏ་ཡ་ཨ་ར་ཧ་ཏེ་ས་མྱཀ་སཾ་བུད་དྷ་ཡ་ཏདྱ་ཐཱ། ཨོཾ་སརྦ་སཾ་སཱ་རི་བ་རི་ཤུད་དྷ་དྷརྨྨ་ཏེ་ག་གནས་མུ་དག
252b7 སྭབྷཱ་ལ་བི་ཤུད་རྟེམ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་ལྔ་བྱེད་པ་དེ་དག་གིས་དམ་པའི་ཆོས་ཐམས་ཅད་ཆུབ་པར་འགྱུར་རོ།། ཨོཾན་མོ་བྷ་ག་བ་ཏེ་ཨ་པ་ར་མི་ཏ་ཨ་ཡུད་ཛྙཱ་ན་སུ་བ་ནི་ཤྩ
252b8 ཏེཛེ་རཱ་ཛཱ་ཡ་ཏ་ཐཱ་ག་ཏ་ཡ་ཨ་ར་ཧ་ཏེ་ས་མྱཀ་སཾ་བུད་དྷ་ཡ་ཏདྱ་ཐཱ། ཨོཾ་སརྦ་སཾ་སྐཱ་རི་པ་རི་ཤུད་དྷ་དྷརྨྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུད་དྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ།། འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་རྣམ་པར
iiif viewer powered by OpenSeadragon
252a - 253a