| | e-texts navigator
|
249b1 ཤས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་གདེན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། ། ཚེ་འཛིན་ཅིང་ཚེ་མཐར་བྱེད་པ་པ་དེ། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ།། འཇམ་དཔལ་གཞོན་ནུར་གྱུར་བརྟེན་ཅིག། འཛམ་པའི་རྫིང
249b2 འདིའི་སེམས་ཅན་རྣམས་ནི་ཚེ་ཐུང་བ་ཚེ་ལོ་བརྒྱ་པ་ཤ་སྟག་སྟེ། དེ་དག་ལས་ཀྱང་ཕལ་ཆེར་ནི་དུས་མ་ཡིན་པར་འཆི་བར་བསྟན་ཏོ།། འཇམ་དཔལ་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ
249b3 དེའི་ཡོན་ཏན་དང་བསྔགས་པ་ཡོངས་སུ་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲིའམ། ཡི་གེར་འདྲིར་འཇུག་གམ། མིང་ཙམ་ཉན་ཏམ། ཀློག་པ་ནས་གླེགས་བམ་ལ་བྲིས་ཏེ། ཁྱིམན་འཆང་གི་བར་དུ་བྱེད
249b4 དམ། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། ཕྱེ་མ་རྣམས་ཀྱིས་མཆོད་པར་གྱུར་པ་དེ་དག་གི་ཚེ་ཡོངས་སུ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ།། འཇམ་དཔལ་སེམས་ཅན་གང་དག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན
249b5 རྣམ་པར་གདོན་མི་ཟ་བའི་རྒྱལ་པོའི་མཚན་བརྒྱ་རྩ་བརྒྱད་ཐོས་པ་དེ་དག་ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། ། སེམས་ཅན་གང་དག་ཚེ་ཡོངས་སུ་ཟད་ཀར་མཚན་འཆང་བར་གྱུར་པ་དེ་དག་གི་ཚེ་ཡང་རྣམ་པར་འ
249b6 བར་འགྱུར་རོ། ། འཇམ་དཔལ་དེ་ལྟ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཚེ་རིང་པོར་འདོད་པ་དག་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དེའི་མཚན་བརྒྱ་རྩ་བརྒྱད་ཉན་ཏམ། ཡི་གེར་འདྲི་འམ་ཡི་གེར
249b7 འདྲིར་འཇུག་ན། དེ་དག་གི་ཡོན་ཏན་དང་ལེགས་པར་གྱུར་པ་ནི་འདི་དག་གོ། ཨོཾན་མོ་བྷག་བ་ཏེ་ཨ་པར་མེ་ཏ་ཨ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ་ཏ་ཐཱ་ག་ཏ་ཡ་ཨ་ར་ཧ་ཏེ་ས་མྱགས་བུད་དྷ་ཡ། ཏརྠ་ཐཱ། ཨོཾ་སརྦ་སསྐཱ་རི་བ
249b8 ཤུད་དྷ་དྷརྨྨ་ཏེག་གནས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུད་དྷེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ། ། འཇམ་དཔལ་དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པོ་འདི་དག་གང་ལ་ལ་ཞིག་གྲི་ཡི་གང་འདྲིའམ་ཡི་གེར་འདྲིར་འཇུག་གམ།
iiif viewer powered by OpenSeadragon
249a - 250a