| | e-texts navigator
|
249a1 བསམ་གཏན་སྟོབས་ཀྱི་སྒྲ་ནི་གྲག་པར་འགྱུར།། ཤེས་རབ་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས།། མི་ཡི་སེང་གེས་ཤེས་རབ་སྟོབས་རྟོགས་ཏེ།། སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན།། ཤེས་རབ་སྟོབས་ཀྱིས
249a2 བྷྲ་ནི་གྲག་པར་འགྱུར། ། ཨོཾ་ན་མོ་བྷ་ག་བ་ཏེ་ཨ་པ་ར་མི་ཏ་ཨ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ་ཏ་ཐཱ་ག་ཏ་ཡ་ཨ་ར་ཧ་ཏེ་ས་མྱཀ་སཾ་བུད་དྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུ་ཎྱེ་མ་ཧཱ་པུཎྱེ་ཨ་པ་ར་མི་ཏ་པུ་ཎྱེ་ཨ་པ་ར་མི་ཏ་པུཎྱེ་ཛྙཱ་ན་སཾ
249a3 བྷ་རོ་པ་ཙི་ཏེ། ཨོཾ་སརྦ་ས་ཀཱ་རི་པ་རི་ཤུད་དྷ་དྷརྨྨ་ཏེ་ག་གནས་མུད་ག་ཏཾ་སྭ་བྷཱ་བ་བི་ཤུད་དྷེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ།། བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཐམས
249a4 ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་ཚེ་དཔག་ཏུ་མེད་པ་ཞེས་བྱ་བ
249a5 ཐེག་པ་ཆེན་པོའི་མདོ། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་ཨ་བ་རེ་མི་ཏ་ཨ་ཡུར་ཛྙཱ་ན་ནཱ་མ་མ་ཧཱ་ཡ་ན་སཱུ་ཏཱ།། བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས
249a6 དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་བརྒྱ
249a7 ཟག་བྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར
249a8 གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་སྟེང་གི་ཕྱོགས་ན། འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ
iiif viewer powered by OpenSeadragon
248b - 249b