e-texts navigator
Collection
Volume
Page
Wylie

227a1 སྒྱུ་འཕྲུལ་དྲ་བའི་ཚུལ་གྱིས་བསྐུལ་བར་སྤོབས།། ཡང་དག་ཁྱེད་ཀྱི་ཡོན་ཏན་སྐུ་མཆོག་ནི།། གདུག་པ་འདུལ་ཞིང་བསྟན་པ་སྲུང་བའི་ཕྱིར།། སེམས་ཅན་ཟད་པར་མ་གྱུར་བར་དུ་ནི།། མྱ་ངན་མི་འདའ་བཞུགས་པར
227a2 གསོལ་བ་གདབ། ། འདི་ལྟར་ཕྱག་འཚལ་མཆོད་ནས་བཤགས་པ་དང་། རྗེས་སུ་ཡིད་རང་བསྐལ་ཞིང་གསོལ་བཏབ་ནས།། དགེ་བ་འདི་ཡིས་ངན་སོང་སྟོངས་གྱུར་ཏེ།། ཐམས་ཅད་ཚོགས་རྫོགས་བྱང་ཆུབ་ཆེན་པོར་བསྔོ།། དེ་ནས
227a3 དཔལ་ལྡན་ལྷ་མོ་ནག་མོ་ལ་ནམ་མཁའི་ལྷ་བྲུན་རྣམས་ཀྱིས་བསྟོད་པ། ། བསྐལ་བ་མེ་ལྟར་འབར་བའི་ཀློང་དཀྱིལ་ན།། རླུང་ནག་དགུ་པའི་ཀློང་འཁྱིལ་ཕོ་བྲང་ནས།། མ་ཅིག་འདོད་པའི་ཁམས་ཀྱི་དབང་ཕྱུག་མ།། བདུད་ཀྱི་ཡུམ་ལ
227a4 གཤིན་རྗེའི་ལྕམ་ཅིག་མ། ། དཔལ་ལྡན་ལྷ་མོ་ནག་མོ་རེ་མ་ཏི།། ནག་མོ་ཟ་བྱེད་རྔམ་པའི་མཆེ་བ་ཅན།། མཐིང་ནག་གཅེར་བུ་ཁྲག་གི་རལ་པ་ཅན།། ཁྱོད་ཀྱི་སྐུ་མདོག་ནག་མོར་བཞུགས་པ་ནི།། དོན་དམ་དབྱིངས་ལ་བསྐྱོད་པ་མེད་པའི
227a5 རྟགས། ། དབུ་སྐྲ་གཡས་ནས་གཡོན་དུ་འཁྱིལ་བ་ནི།། ཡུམ་གྱི་མཁའ་ལ་སྤྲུལ་པ་འགྱེད་པའི་རྟགས།། དབུ་གཙུག་རལ་པ་གཅིག་ཏུ་ལཁྱིལ་བ་ནི།། དོན་དམ་དགོངས་སྤྱོད་གཅིག་ཏུ་མཛད་པའི་རྟགས།། རལ་བའི་གསིབ་ནས་མེ
227a6 རྟག་འགྲོ་བ་ནི། ། ཐུགས་ཀྱི་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་རྟགས།། དབུལ་ཐོད་རྣོན་ཕྲེང་བབཅིངས་པ་ནི།། ཐུ་བརྗེས་སཱལ་སུས་འགྲོ་དོན་མཛད་པའི་རྟགས།། གཡས་ན་སེང་གེ་མཆོད་པ་ནི།། སྨན་མོ་ཐམས་ཅད་ཟིལ་གྱིས
227a7 གནོན་པའི་རྟགས། ། གཡོན་ནི་སྦྲུལ་མགོའི་གདེངས་ཀ་འབྱར་བ་ནི།། ཞེ་སྡང་མ་སྤངས་དབྱིངས་སུ་དག་པའི་རྟགས།། སྙན་ཆག་སེར་གྱི་དྲིལ་བུ་འཁྲོལ་བ་ནི།། སངས་རྒྱས་ཀུན་ལ་བསྙེན་སྒྲུབ་བྱེད་པའི་རྟགས།། སྨན་རྩ་དམར་ལ
227a8 སྡང་མིག་བགྲང་བ་ནི། ། སྲིད་གསུམ་རྣལ་འབྱོར་དམ་ཚིག་བྱར་བྱེད།། ཞལ་གྱི་དྲག་པོ་ཧེ་མ་ཁྲང་གདེངས་པ་ནི།། བསྟན་པ་འཇིག་པའི་རུ་དྲ་སྒྲོལ་བའི་རྟགས།། རྡོ་གདུག་མཆེ་བཟུར་གསུམ་གཙིགས་པ་ནི། བསྒྲལ་བའི




iiif viewer powered by OpenSeadragon

226b - 227b

Texts on this page

Q348 - dpal lha mo nag mo'i bstod pa rgyal po'i rgyud