| | e-texts navigator
|
217b1 དང་། ། བསྒྲུབ་བྱའི་སྔགས་ཀྱིས་བྱའོ།། ཕྱག་རྒྱ་དེ་ཉིད་ལ་སྡིགས་འཛུབ་གཉིས་བརྐྱང་བ་ནི་མེ་ཏོག་གི་ཕྱག་རྒྱ་ཡིན་ཏེ། ཨོཾ་བ་སན་དྷེ་སྭཱ་ཧཱ། མེ་ཏོག་གི་ཕྱག་རྒྱ་དེ་ཉིད་ལ་གུང་མོ་བརྐྱང་བ་ནི་བདུག་སྤོས་ཀྱི་ཕྱག་རྒྱ་ཡིན་ཏེ།
217b2 སྔགས་ནི་ཨོཾ་བ་སུ་དྷ་རི་སྭཱ་ཧཱ། ཕྱག་རྒྱའང་ནི་མིང་མེད་བརྐྱང་བའི་ཕྱག་རྒྱ་ཡིན་ཏེ། སྔགས་ནི་ཨ་བ་སུ་དྷ་མ་ཏི་ཤཱི་ཡ་སྭཱ་ཧཱ། ཕྱག་རྒྱ་འདི་ཉིད་ལ་འཐེའུ་ཆུང་གི་སེན་མོ་འཐེབ་ཆེན་གྱིས་བཀབ་སྟེ། སོར་མོ་གཞན
217b3 རྣམས་ནི་རྡོ་རྗེའི་མཚན་ཉིད་དུ་བྱས་པ་ནི་མར་མེའི་ཕྱག་རྒྱ་སྟེ། སྔགས་ནི་ཨོཾ་བ་སུ་དྷ་ར་ཎེ་སྭཱ་ཧཱ། སེན་མ་གན་རྒྱལ་དུ་བྱིས་ལ་མཐེ་བོང་གཉིས་ལོགས་སུ་སྦྱར་བ་ནི་གཏོར་མའི་ཕྱག་རྒྱ་སྟེ། སྔགས་ནི་ཨོཾ་བ་སུདྷཱར
217b4 ཎི་སྭཱ་ཧཱ། ལྷག་མ་ཉེ་བར་སྤྱོད་པ་ཉི་ཤུ་རྩ་བའི་སྔགས་ཀྱིས་ཐུན་མོང་གི་ཕྱག་རྒྱའམ། སྔགས་ཀྱིས་བསྒྲུབ་པར་བྱའོ།། བཅོམ་ལྡན་འདས་མའི་ཐང་ཀའི་ཚི་ག་ནི་ཉམས་པ་མེད་ཅིང་། སྒྲའི་ཉམས་པ་མེད་པ་སྐུད་པ་མཆེད་ཏྲ།
217b5 རས་ཞེང་དུ་མཐོ་གང་གི་སང་ཉིད་ལ་རིང་དུ་མཐོང་བྱས་ཏེ་སྟེང་དུ་བཅོམ་ལྡན་འདས་བྲི། གཡས་སུ་འཕགས་པ་སྤྱན་རས་གཟིགས་ཀྱག་གཡོན་དུ་རྡོ་རྗེ་འཆང་བྱ། བཅོམ་ལྡན་འདས་ཀྱི་འོག་ཐང་ཀའི་དབུས་སུ་བཅོམ
217b6 ལྡན་འདས་མ་བྲི་སྟེ། གསེར་གྱི་མདོག་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གོས་སྲབ་མོའི་ཤམ་ཀག་བསྡམས་པ། དེ་བཞིན་དུ་གོས་སྲབ་མོའི་སྟེད་གཡོགས་ཅན། ཁ་དོག་སྣ་ཚོགས་ཀྱི་གོས་ཀྱི་ཤར
217b7 ཐབས་དང་ལྡན་པའོ། ། དེ་ནས་འོག་ཕྱོགས་སུ་སྒྲུབ་པ་པོ་ལག་ན་མཆོད་པའི་ཆོ་ག་བྱའོ།། དེ་ནས་སྒྲུབ་པ་པོས་གཙང་སྦྲ་བྱས་གོས་གཙང་མ་གྱོན་ཏེ། གསོ་སྦྱོང་ཡན་ལག་བརྒྱད་བྱའོ།། དེའི་མདུན་དུ་བསྙེན་པ་འབུམ་སྤས
217b8 གཅིག་བྱས་ལ་ཇི་ལྟར་འབྱོར་པས་མཆོད་པའི་ཆོ་ག་བྱའོ། ། དེ་ནས་སྒྲུབ་པ་པོ་དང་ལྡན་པས་སྨྱུང་བ་བྱས་ཏེ། ཞིང་གི་དབུས་སུ་ཐང་སྐུ་བཞུགས་སུ་གསོལ་ཏེ། དྲི་དང་མེ་ཏོག་དང་། བདུག་པ་དང་། ཉེ་བར་ལོངས་སྤྱོད་པའི་གཏོར
iiif viewer powered by OpenSeadragon
217a - 218a