| | e-texts navigator
|
217a1 འདི་ཚེ་འཕྲུལ་གྱི་དཀར་བའི་ཕྱོགས་ལ་བཟླས་པ་བྱས་ན་འཁོར་ལོས་སྒྱུར་བ་འཐོབ་ཅིང་། བཅོམ་ལྡན་འདས་མནོར་རྒྱུན་མ་དངོས་སུ་མཐོང་ཞིང་པྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་རོ།། ཅི་ལྟང་དེ་སར
217a2 ཚངས་སྤྱོད་བྱ་ཞིང་ཁ་ན་མ་ཐོ་བ་མེད་པའི་ཟས་ཆང་དང་། 1ཤ་ལ་སོགས་པ་སྤང་ཞིང་མཚན་མོ་བཟླས་པ་བྱས་ན་དབུལ་པོར་མི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་འཕགས་པ་ཀུན་དགའ་བོ་དང་། ཟླ་བ་བཟང་པོ་ཡོངས་སུ
217a3 དགའ་ནས་ཁྱིམ་བདག་ཟླ་བ་བཟང་པོའི་དོན་དུ་གསུངས་པ་ལ་མངོན་པར་བསྟོད་དོ། ། བཅོམ་ལྡན་འདས་མནོར་རྒྱུན་མའི་རྟོག་པ་རྫོགས་སྷོ།། ན་མོ་རང་ན་ཏྲ་ཡཱ་ཡ། ཨོཾ་བ་སུ་དྷ་རེ་སྭཱ་ཧཱ། སྙིང་པོའོ།། ན་མོ་རང་ན་ཏྲ་ཡཱ་ཡ། ཨོཾ་བ་སུ
217a4 ཤྲི་སྭཱ་ཧཱ། ཉེ་བའི་སྙིང་པོའོ།། ན་མོ་རད་ན་ཏྲ་ཡཱ་ཡ། ཨོཾ་བ་སུ་སྭཱ་ཧཱ། ཉེ་བའི་སྙིང་པོའི་ཡང་ཉེ་བའི་སྙིང་པོའོ།། ཐལ་མོ་སྦྱར་ཏེ་གུང་མོ་གཉིས་དང་། དེ་ནས་སྲིན་ལག་གཉིས་དང་། མཐེའུ་ཆུང་གཉིས་ཤིབས་ཏེ་སྡིགས་འཛུབ་ཕན་ཚུན
217a5 གཉིས་བསྒྲིལ་ལ། མཐེའུ་ཆུང་གཉིས་བཅུང་ཞིག་བསྣོལ་ཏེ། རྩེ་མོ་གཉིས་རྒྱབ་སྤྲད་དེ། ཁབ་ལྟ་བུ་བྱས་ལ། གུང་མོ་རྩེ་སྤྲད་པ་ལ་འཐེབ་མོ་ཟུང་ཅིག་དེའི་འོག་ཏུ་སྦྱར་ཏེ། རེག་པ་བཅས་པ་ནི་རབ་ཏུ་བཟུང་བའི་རྟོག་པ་ལ
217a6 གསུངས་པ་སྟེ། ལས་ཐམས་ཅད་སྒྲུབ་པའི་བཅོམ་ལྡན་འདས་མ་ནོར་རྒྱུན་མའི་གཟུངས་ནི་ཐུབ་པས་གསུངས་པའོ།། ན་མོ་རང་ན་ཏྲ་ཡཱ་ཡ། ཨོཾ་ཤྲཱི་ཡ་ཤྭེ་ཀ་རི། དྷ་ན་ཀ་རི། དྷ་ན་ཀ་རི། དྷ་ན་ཀ་རེ་སྭཱ་ཧཱ། བསྒྲུབ་པར་བྱ་བའི་སྔགས
217a7 སོ། ། རིག་པའི་དེའི་དང་པོར་རེ་ཤིག་དམ་ཚིག་གི་ཕྱག་རྒྱ་ནི་སོར་མོ་རྣམས་ཐལ་མོ་སྦྱར་ལ་འཐེབ་ཆེན་དབུས་སུ་བཅུག་པ་ནི་བཅོམ་ལྡན་འདས་མའི་དམ་ཚིག་གི་ཕྱག་རྒྱའོ།། ཨོཾ་ས་མ་ཡ། ས་མེ་ས་མ་ཡ་ཀ་རེ། མ་ཧཱ་ས་པ་ཡེ་སྭཱ་ཧཱ
217a8 དམ་ཚིག་གི་ཕྱག་རྒྱ་དང་སྔགས་སོ། ། ཕྱག་རྒྱ་དེ་ཉིད་ལ་གུང་མོ་དང་། སྡིགས་འཛུབ་ཀྱི་ཚིགས་གསུམ་པ་བསྐུལ་ཞིང་འཐེབ་ཆུང་གཉིས་ཅུང་ཟད་ཕྱིར་བྱུང་བ་ནི་བཅོམ་ལྡན་འདས་མའི་ཕྱག་རྒྱའོ།། འདི་ནི་དབབ་པ་དང་། བསྡུ་བ
iiif viewer powered by OpenSeadragon
216b - 217b