| | e-texts navigator
|
216b1 བ་བྱའོ། ། འོག་ཏུ་སྒྲུབ་པ་པོ་པད་མའི་ལག་པ་ཅན་བྱའོ།། དེ་ནས་ཐང་སྐུ་སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ནུབ་ཕྱོགས་སུ་ཁ་བསྟན་ལ་བཀྲམ་སྟེ། དེ་ནས་ཉེ་བར་སྤྱོད་པའི་གཏོར་མ་མ་གཏོགས་པ་མཛོད་ཀྱི
216b2 བཞེས་པ་ཡང་དབུལ་ཞིང་དྲི་ཞིམ་པོའི་མེ་ཏོག་གིས་མཆོད་པ་ཆེན་པོ་བྱས་ལ་ཙན་དན་དང་། ཨ་ག་རུའི་བདུག་པས་བསྲེག་པར་བྱའོ།། ཞུན་མར་གྱི་མར་མེ་བརྒྱ་འབུལ་བར་བྱའོ།། དེ་ནས་སྟན་ཅིག་ལ་གནས་ཏེ་བཅོམ་ལྡན
216b3 འདས་མའི་ཞལ་དམིགས་ལ་ནུབ་མོ་མཚན་བཟླས་པ་བྱས་ན། དེ་ནས་སྐྱ་རེང་ཤར་བའི་དུས་སུ་སྐྱེས་བུ་ཆེན་པོ་ཙམ་གྱི་ནོར་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱུན་འབབ་ཅིང་ཁང་པ་གང་བར་འགྱུར་རོ།། ཡང་ན་མཚན་མོ་བྱེད་ན་ཆུའི།
216b4 ནང་དུ་ཞུགས་ལ་བརྒྱད་བརྒྱ་བཟླས་པ་བྱའོ།། ཟླ་བ་གཅིག་ཏུ་གཅིག་གི་སྦྱོར་བས་ནོར་གྱི་རྒྱུན་འབབ་པར་འགྱུར་ཏེ། མི་ཤེས་པར་ཁ་ཅིག་འཕེལ་བར་འགྱུར་རོ།། ཡང་ན་རྒྱལ་པོའི་སྒོར་མངོན་པར་འདོད་ན་ཉིན་མོ་ཆུའི
216b5 ནང་དུ་བཟླས་པ་བྱ་ཞིང་མཚན་མོའི་བྱེད་ན་ཏིལ་གྱི་སྦྱིན་སྲེག་བརྒྱད་བརྒྱ་བྱས་ན་རྒྱལ་རིགས་ལས་རྙེད་པ་ཆེན་པོ་འཐོབ་བོ། ། ཡུངས་ཀར་མར་ལས་བསྲེས་ནས་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་བྱེད་དོ།། ཀུན་དུ་རིའི་སྤྲིན
216b6 སྲེག་བྱས་ན་རྒྱལ་པོའི་བློན་པོ་དབང་དུ་བྱེད་དོ། ། ཁ་ཅིག་གིས་སྦྱོར་བ་གང་གིས་མཚན་མོ་བཅོམ་ལྡན་འདས་པད་མའི་གདན་ཅན་དྲན་པར་བྱས་ན་སྦྱིན་བདག་ཆེན་པོར་འགྱུར་རོ།། ཡང་ན་སྒྲུབ་ཐབས་ཆེན་པོ་བཤད
216b7 པར་བྱ་སྟེ། ཆོ་འཕྲུལ་གྱི་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ། ཟས་ཅི་སྲིད་དུ་བཅད་ནས་སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ཐང་ཀ་ནུབ་ཕྱོགས་སུ་བསྟན་ལ་འགྲམ་ཞིང་། ཉིན་མོ་ཤེས།
216b8 རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཀླག་ཅིང་། མཚན་མོ་སྟན་ཅིག་ལ་གནས་པས། ནུབ་ཡལ་གྱིས་བཟླས་པ་བྱས་ན་ནོར་གྱི་ཕུང་པོ་ཆེན་པོ་རྙེད་དེ། མཐོར་གནོད་བྱས་ཀྱང་འཛད་པར་མི་འགྱུར་ཏེ། ལྷ་ཁང་ཆེན་པོ་བྱའོ།། ཆོ་ག
iiif viewer powered by OpenSeadragon
216a - 217a