e-texts navigator
Collection
Volume
Page
Wylie

216a1 རྟབང་སང་ཟུང་ཤིག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་པ་ནོར་གྱི་རྒྱུན་གྱི་གཟུངས་ཞེས་བྱ་བ་ཡང་ཟུང་ཤིག། བཅོམ་ལྡན་འདས་ཀྱིས་དེ་གད་ཅེས་བཀའ་གྱུས་ནས། ཚེ་དང་ལྡན་པ་ཀུན་ད
216a2 བོ་དང་། ། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ
216a3 ལ་མངོན་པར་བསྟོད་དོ། ། འཕགས་པ་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས། རྫོགས་སྷོ།། །། དེ་ནས་བཅོམ་ལྡན་འདས་མ་ནོར་རྒྱུན་མའི་རྟོག་པ་བཤད་པར་བྱ་སྟེ། དང་པོ་རེ་ཤིག་དཔྱིད་ཟླ་ཐ་ཆུངས་ཀྱི་དཀར་པོའི་ཕྱོགས
216a4 ཀྱི་ཚེས་གཅིག་ལ་རྒྱ་མཚོར་འབབ་པའི་ཆུ་བོར་སོང་སྟེ། དེ་ནས་ནུ་མའི་བར་ཆུའི་ནང་དུ་ནུབ་པར་བྱས་ཏེ་འདུག་ལ། ཉི་མ་ལ་མངོན་དུ་ཕྱོགས་པར་ཡོངས་སུ་བརྟགས་ལ་ཇི་སྙེད་གནས་ཀྱི་བར་དུ་བཟླས་པ་བྱའོ།། གཟའ་བ
216a5 ཐམས་ཅད་སྤངས་ཏེ། ཉོན་མོངས་ཤིང་སྨ་བཅད་བྱས་ཏེ། ནུབ་བདུན་དུ་བཟླས་པ་བྱའོ།། དེ་ནས་བཅོམ་ལྡན་འདས་མའི་ཐང་སྐུ་ཡང་དབུ་སྐྲ་མ་གཏོགས་པ་གུར་གུམ་དང་། ཙན་དན་གྱིས་བྱུག་པར་བྱ་བ་ནི་ནུབ་མོ་སྔ་བར
216a6 ལངས་ཏེ། མཆུར་ཁྲུ་བདུན་ཞེང་དུ་ཁྲུ་གསུམ་སྟེ། ཁྲུ་བཅུ་དང་བཅས་པ་ལ་ཚོན་སྣུམ་ལུས་པ་གསོ་སྦྱོང་དང་ལྡན་པའི་ལྷ་བཟོས་བཅོམ་ལྡན་འདས་མ་མདོག་ལྗང་སེར་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་པ
216a7 ན་འབྲས་བུ་ཆེན་པོ་བ་སྐམས་པ། ཕྱག་གཡོན་པན་སྒྲུབ་པ་པོ་རྣམས་ལ་སྟེར་བའི་རིན་པོ་ཆེའི་ཟམ་ཏོག་སུ་ཏིག་དང་། རྡོ་རྗེ་པ་ལམ་དང་། བཻ་དཱུརྱའི་འབྲས་བུ་ཅན་བསྣམས་པའི་ཕྱག་དང་ལྡན་པ་བྱའོ།། སྟེང་དུ་ལྷའི་བུ་རིན་པོ
216a8 ཚེའི་ཆར་མངོན་དུ་འབེབས་བཞིན་བྱའོ། ། གཡས་ལེགས་སུ་དཔལ་ཆེན་མོ་པད་མའི་ཕྱག་ཅན་སྒྲུབ་པ་པོ་ལ་ཉེ་བར་དོངས་པ་ལ་གནས་བཞིན་བྱའོ།། གཡོན་ལོགས་སུ་པད་མའི་དཔལ་རིན་པོ་ཆེ་ཡིས་སྙིམ་བཀང




iiif viewer powered by OpenSeadragon

215b - 216b

Texts on this page

Q341 - 'phags pa nor gyi rgyun zhes bya ba'i gzungs
Q342 - bcom ldan 'das ma nor rgyun ma'i rtog pa