| | e-texts navigator
|
212b1 གཟའ་མི་མང་པོ་དང་ལྡན་པ། ད་ཅིང་ཆེར་དང་བཞིག་གནས་པ་དེ། བཅོམ་ལྡན་འདས་གལ་བ་དེར་སོངས་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ནབས་ལ་མག་ཅེས་ཕྱག་འཚལ་ཏེ། ལན་འགྲམ་ཕྲག་དུམ་བསྐོར་བ་བྱས་ནས་ཕྱོགས་གཅིག
212b2 ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་ཟླ་བ་བཟང་པོས་བཅོམ་ལྡན་འདས་ལ་འདིས་དེ་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེན། བཅོམ་ལྡན
212b3 འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གྲབ་བཟང་པོ་ལ་འདི་སྐད་ཅེས་བཀའ
212b4 སྩལ་ཏོ། ། ཁྱིམ་བདག་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ཁྱོད་ཀྱིས་ཇི་སྐད་དྲིས་པའི་དྲི་བ་ལུང་བསྟན་པས་ངས་ཁྱོད་ཀྱིས་སེམས་རངས་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། ཁྱིམ་བདག་ཟླ་བ་བཟང་པོས་བཅོམ་ལྡན་འདས་ལེགས
212b5 སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དབུལ་པོར་གྱུར་པ་ལས་ཇི་ལྟར་དབུལ་བ་མ་མཆིས་པར་འགྱུར་ཞིང་།
212b6 བྲོ་ནད་ཀྱིས་ཐེབས་ན་ཡང་བྲོན་མ་མཆིས་པར་འགྱུར་བ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཁྱིམ་བདག་ཟླ་བ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱིམ་བདག་ཁྱོད་ཅིའི་ཕྱིར་དབུལ་པོའི་དོན་དུ་འདྲི། དེ་སྐད
212b7 ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཁྱིམ་བདག་ཟླ་བ་བཟང་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་དབུལ་བ་མང་བ་དང་། གསོབ་མང་བ། བུ་ཕོ་དང་། བུ་མོ་མང་བ། གཟའ་མི་མང་པོ་དང་ལྡན་པ་ལགས་ཏེ།
212b8 དེའི་སླད་དུ་གང་གིས་སེམས་ཅན་དབུལ་པོ་རྣམས་ཀྱི་དབུལ་བ་མ་མཆིས་པར་འགྱུར་བ་དང་། བྲོ་ནད་ཀྱིས་ཐེབས་པ་རྣམས་བྲོན་དམ་མཆིས་པར་འགྱུར་བ་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་མཛོད་མང་པོ་དང་ལྡན་པར་འགྱུར
iiif viewer powered by OpenSeadragon
212a - 213a