e-texts navigator
Collection
Volume
Page
Wylie

210a1 དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་གཏུམ་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྡེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ
210a2 ཆེན་པོ་ཕྱག་ན་རྡོ་རྗེ་གཞུ་ཅན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་བདག་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་རྒྱན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་འོད
210a3 དང་། བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་གཟིགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་དཔལ་དང་། བྱང་ཆུབ་སེམས
210a4 དཔའ་སེམས་དཔའ་ཆེན་པོ་པད་མའི་ཏོག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞལ་རས་རྒྱས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
210a5 པོ་པད་མའི་སྤྱན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ཀྱིས་བསྐོར་ཅིང
210a6 མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ། ། བཀོད་པ་ཆེན་པོའི་རྒྱན་གྱི་ནོར་བུ་ཞེས་བྱ་བ་ཐོག་མར་དགེ་བ་དང་། བར་དུ་དགེ་བ། ཐ་མར་དགེ་བ་དང་། དོན་བཟང་པོ་དང་། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་དག་པ། ཡོངས་སུ་བྱང
210a7 བའི་ཆོས་སྟོན་ཏོ། ། དེ་ནས་ཕྱག་ན་རྡོ་རྗེས་འཁོར་དེ་དག་ལ་བལྟས་ཏེ། ལངས་ནས་རང་གི་རྫུ་འཕྲུལ་གྱི་བྱིན་གྱིས་རླབས་ཀྱིས་བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཏེ་ཕྱག་འཚལ་ནས་སྤྱན་སྔར་འདུག་སྟེ།
210a8 སྙེམས་པ་དང་བཅས་པས་དཀྱིལ་མོ་དཀྲུང་ལེགས་པར་བཅས་ནས། འཁོར་དེ་དག་ལ་འགྱིང་བག་ཏུ་བལྟས་ཏེ། རྡོ་རྗེའི་ཐལ་མོ་རང་གི་སྙིང་ཁར་བཞག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས




iiif viewer powered by OpenSeadragon

209b - 210b

Texts on this page

Q340 - gza' rnams kyi yum zhes bya ba'i gzungs