e-texts navigator
Collection
Volume
Page
Wylie

206a1 གཅིག་ན། ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རིལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་དང་ཐབས
206a2 གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གང་ལ་ལ་ཚོགས་ཀྱི་བདག་པོ་ཚོགས་ཀྱི་དབང་ཕྱུག་གི་སྙིང་པོ་འཛིན་ན་དེའི་ལས་ཐམས་ཅད་གྲུབ་པར
206a3 འགྱུར་རོ། ། དེ་བཟུང་བས་དགོས་པ་འགྲུབ་ཅིང་གསང་སྔགས་ཐམས་ཅད་ཀྱང་དངོས་གྲུབ་དུ་འགྱུར་རོ།། ཏད་ཡ་ཐཱ། ན་མོ་སུ་ཏེ་མ་ཧཱ་ག་ཎ་བ་ཏ་ཡེ་སྭཱ་ཧཱ། ཨ~ཾ་ཀཊ་ཀཿ། མརྠ་མརྠ། ད་ར་དར། བིད་ར་བ་དར། ཧནཏཱན།
206a4 གྲི་ཧཱ་གྲིཧྞ། དྷཱ་བ་དྷཱ་བ། བྷ་ཛ་བྷེ་ཛ། སྟ་བྷསྟཾ་བྷ། ཛེ་བྷ་ཛེ་བྷ། མོ་ཧ་མོ་ཧ། དེ་ཧི་དེ་ཧི། དཱ་པ་ཡ་དཱ་པ་ཡ། དྷཱ་ན་དྷཱ་ནྱ་སིད་དྷི་མེ་པྲ་ཡཙྪ་ས་མ་ཡ་མ་ནུསྨ་ར་མ་ཧཱ་རུ་ཏྲ་པ་ཙ་ནཱི་ཡེ་སྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཏུ་རུ་ཏུ་རུ། ཨོཾ་མུ་རུ
206a5 མུ་རུ་སྭཱ་ཧཱ། ཨོཾ་བཱ་བ་ཤ་ཏི་བ་སུ་པུཥྤེ་ཀུ་རུ་སྭཱ་ཧཱ། ཨད་གུ་ཏ་བིན་དུ་ཀྵ་བྷཱི་ཏ་ཙི་ཏ་མ་ཧཱ་བི་དཱ་ར། ས་མ་གཙྪ་ཏི་མ་ཧཱ་བ་ཡ། མ་ཧཱ་བ་ལ། མ་ཧཱ་བ་རཀྲ། མ་ཧཱ་ཧསྟི། མ་ཧཱ་དཀྵི་ཎི་ཡ་པྲ་ཙི་ད་ཡ་མི་སྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། རུ་རུ
206a6 ལུ་རུ། ། ཨ་ག་ག་གག་གགགག། ཨོཾན་མོ་ན་མ་སྭཱ་ཧཱ།། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་ཚོགས་ཀྱི་བདག་པོ་ཚོགས་ཀྱི་དབང
206a7 བྱུག་གི་སྙིང་པོ་འདི་རྩོམ་ཞིང་གསང་སྔགས་སྒྲུབ་པ། དཀོན་མཆོག་གསུམ་མཆོད་དུ་ཡུལ་གཞན་དུ་འགྲོའམ། རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མེ་ཏོག་དང་བདུག་པས་མཆོད་པ
206a8 བྱས་ཏེ། ། ཚོགས་ཀྱི་བདག་པོའི་སྙིང་པོ་འདི་བཀླགས་ན་ལས་ཐམས་ཅད་འགྲུབ་ཀྱིས་འདི་ལ་ཐེ་ཚོམ་མ་ཟ་ཤིག། འཐབ་པ་དང་། རྩོད་པ་དང་། ཁྲག་ཁྲུག་དང་། ཡུལ་འཁྲུགས་པ་ཐམས་ཅད་ཀྱི་ནང་དུ་ཡང་དྲན་པར་བྱས་ན་ཐམས




iiif viewer powered by OpenSeadragon

205b - 206b

Texts on this page

Q338 - 'phags pa tshogs kyi bdag po'i snying po