e-texts navigator
Collection
Volume
Page
Wylie

197b1 ཐོབ་ཤིག། རླུང་ཆེན་པོ་རབ་ཏུ་ཐོང་ཤིག། དྲུཾ་དྷི། ཀླུང་དྲུང་། ཕུམ་ཕུམ། ཊ་ཊ་ཊ། ནི་བར་ནི། སྟམ་བྷ་ནི། མོ་ཧ་ནི། ཛ་གུལི། བུག་ཀ་སི། པྲ་ཧཱ་ནཱི། མ་ཏང་གི་ཛ་ཡེ་བི་ཛ་ཡེ། ཧ་ཧ་སྭཱ་ཧཱ། དེ་བཞིན་གཤེགས་པ་སྨིན་ཆེན་སྙིང་པོ་དཔལ
197b2 གྱི་གཟི་བརྗིད་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་རབ་འདོས་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་འབྱུང་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་རྙིང་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་ཀུན་ཏུ་འགེབས་དང་། དེ་བཞིན་གཤེགས
197b3 པ་འབྲུག་ཆེན་སྤོགས་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་རྒྱས་མཛད་དང་། དེ་བཞིན་གཤེགས་པ་འབྲུག་ཆེན་རྣམ་པར་སྒྲོགས་པ་སྤའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་འཇིག་མཛད་དང་། དེ་བཞིན་གཤེགས་པ
197b4 སྤྲིན་ཆེན་སྲུང་དང་། དེ་བཞིན་གཤེགས་པ་སྤྲིན་རྔ་སྒྲ་དང་། དེ་བཞིན་གཤེགས་པ་འབྲུག་ཆེན་སྒྲ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་དཔལ་གྱི་གཟི་བརྗིད་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་དབྱངས་སྙན་དང་། དེ་བཞིན་གཤེགས
197b5 པ་སྲིན་ཆེན་སྐར་མའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་ཚུབ་མའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་ཤིན་ཏུ་བརྟན་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་སྤྲིན་བརྟན་པས་དགའ་བར་མཛད་པ
197b6 དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་འུརའུར་སྭ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་འཇིགས་པས་འཇིགས་མཛད་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་པོག་ཏོག་ཆར་འབེབས་དང་། དེ་བཞིན་གཤེགས་པ་སྤྲིན་རྣམ་པར་འཕྲུལ་བའི
197b7 རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་བཀྲ་ཤིས་ཀྱི་ཚད་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱི་ཕྱིར་དེ་བཞིན་གཤེགས་པ་སྤྲིན་ཆེན་པོ་སྤྲིན་ཆེན
197b8 སྙིང་པོ་ཐམས་ཅད་ལ་ཡང་དག་པར་སྐུལ་ལོ། ། ཀླུ་ཐམས་ཅད་ཀྱི་བདེན་པས་ཀླུ་ཐམས་ཅད་ཀྱི་སྙིང་པོ་ལ་ཡང་དག་པར་སྐུལ་ལོ།། དཀོན་མཆོག་གསུམ་གྱི་བཀའ་ལུང་གིས་མྱུར་དུ་ཤེག་ཤིག། ཀྱེ་ཀྱེ་ཀླུ་ཆེན་པོ་དག་ཆུར་ཤེག་ཚྭང་ཤེག། #




iiif viewer powered by OpenSeadragon

197a - 198a

Texts on this page

Q335 - 'phags pa sprin chen po rlung gi dkyil 'khor gyi le'u klu thams cad kyi snying po zhes bya ba theg pa chen po'i mdo