| | e-texts navigator
|
196a1 རབ་ཏུ་བབཤིག། ཀུརྦ་རྦཌྷ། མུ་ནཱ་མཱརྠ། 66། 6་ཨུ0f7f།། མ་ཧཱནཱ་ག་ཧྲྀ་ད་ཡ། སརྦ་ནཱ་ཀན། ཨ་ག་རྣམ། སན་ཙད་ཡ། ཤིནྡན་དར་སྭཱཿ། སྤེན་ཆེན་པ་རྣམ་པར་འབྲལ་བའི་ཏན་བཀོད་པ་དག་གསཔ
196a2 སྣམ་གྱི་མཐའ་རིན་པོ་ཆེ་ཐམས་ཅད་ཀྱི་ཚོན་གྱི་ལྔ་ལྡི་མཛེས་པ། མུ་ཏིག་གི་རྒྱན་ཕྲེང་རབ་ཏུ་འཕྱང་བ་རྒྱ་མཚོ་ཆེན་པོའི་སྤྲིན་ག། ལྷའི་རིན་པོ་ཆེས་མཛེས་པར་བྱས་པའི་གཞལ་མེད་ཁང་མེ་ཏོག་རབ་ཏུ་འབྱང་བརྒྱ་མ
196a3 ཆེན་པོའི་སྤྲིན་དག་གིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་རློབས་ལ། རིན་པོ་ཆེའི་སྤྲིན་རབ་ཏུ་འཕྱང་ཞིང་། ལྷའི་རས་བཅོས་བུ་མང་པོས་མུ་ཏིག་གི་རྒྱན་ཕྲེང་རྒྱ་མཚོ་ཆེན་པོའི་སྤྲིན་དག་དང་། སངས་རྒྱས་ཀྱི
196a4 རྣམ་པར་འཕྲུལ་པ་ཟབ་མོ་སྣ་ཚོགས་ཀྱི་བྱིན་གྱིས་རླབས་ཀྱིས་སྒྲ་སྒྲོགས་པ་རྒྱ་མཚོའི་སྤྲིན་དག་དང་། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་བརྒྱན་བཀོད་པ་བསམ་གྱིས་མི་ཁྱབ་པ་རྣམ་པ་སྣ་ཚོགས་ཡང་དག་པར་སྟོན་པ་རིན་པོ་ཆེ
196a5 བཀོད་པ་ཆེན་པོའི་རྒྱ་མཚོའི་སྤྲིན་དག་གིས་ནམ་མཁའི་དཀྱིལ་ཀུན་དུ་ཁེབས་པར་བྱིན་གྱིས་རློབས་ཏེ། སྤྲིན་ཆེན་པོ་རྣམ་པར་འཕྲུལ་པའི་སྒྲ་སྒྲོགས་པ་རྒྱ་མཚོའི་སྤྲིན་དག་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ལྷའི་བླ་རིའི་དྲིལ་བུའི་སྒྲ
196a6 སྙན་པར་སྒྲོགས་པ་རྒྱ་མཚོའི་སྤྲིན་དག་དང་། བྱའི་ཚོགས་ཐམས་ཅད་སྐད་འབྱིན་ཅིང་མེ་ཏོག་གི་ཆར་ཆེན་པོ་རབ་ཏུ་འབེབས་པ་རྒྱ་མཚོ་ཆེན་པོའི་སྤྲིན་དག་དང་། རྒྱ་མཚོ་སྤྲིན་ཆེན་པོ་སྒྲ་ཆེར་སྒྲོགས་ཤིང་ལྷའི་རིན་པོ
196a7 ཆེ་རབ་ཏུ་འབྱུང་ལ་མག་གི་ལྔ་ལྡི་རྣམ་པ་སྣ་ཚོགས་རབ་ཏུ་འཕྱང་བ་རྒྱ་མཚོའི་སྤྲིན་དག་དང་། གསར་སྐུད་ཀྱིས་བརྒྱན་པའི་སྣང་བ་ཆེན་པོ་ཅན་གྱི་རྩེ་མོས་ནམ་མཁའ་ཀུན་དུ་ཁེབས་པར་བྱེད་པ་རྒྱ་མཚོ་ཆེན་པོའི་སྤྲིན་དག
196a8 རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བའི་འོད་ཀྱི་དཀྱིལ་འཁོར་གྱིས་ནམ་མཁའ་ཀུན་ཏུ་ཁེབས་པར་བྱེད་པ་ལ་མཁས་པ་རྒྱ་མཚོའི་སྤྲིན་དག་དང་། སྣང་བ་དང་ལྡན་པའི་རྒྱ་མཚོ་ཆེན་པོའི་སྒྲས་ཀུན་དུ་ཁེབས་པའི
iiif viewer powered by OpenSeadragon
195b - 196b