| | e-texts navigator
|
158a1 བདག་ཉིད་བཟོད་ལྡན་པ་ཏན། ། དབང་པོ་ཞིབ་དབང་པོ་ཐུལ།། དགེབས་སྡིག་འཇོམས་ཤེས་ཉེན་ཅན།། དེས་ཤིང་དོན་ཀུན་སླབ་པ་པོ།། མི་གནོང་མི་སྲུ་དཔལ་དང་ལྡན།། མཛོད་བདག་གཞན་གྱིས་མི་ཐུབ་པ།། དཀོན་མཆོག
158a2 གསུམ་གྱི་སྦུབས་གཅིག་པ། ། སངས་རྒྱས་ཀུན་གྱིས་གཟིགས་པའོ།། གཏར་རྣམས་སྤྱོད་པ་གཟི་བརྗིད་ཅན།། རྟག་སྦྱིན་ནོར་ནི་ཕེལ་བྱེད་བ།། རིན་ཆེན་འབྱུང་གནས་སུ་བོ་འདུམ།། ཆུ་ཡི་བདག་པོ་ཆུ་འབེབས་པ།། གནོད་སྦྱིན་ནུ་སྤྱོད་བདག
158a3 ཉིད་ཅན། ། གཏེར་དོན་ཉེ་བར་སྟོན་པ་པོ།། གསེར་གྱི་རི་བོ་ལྡན་པོ་སྟེ།། དབུལ་བའི་གདོན་ལས་པར་བྱེད་པ།། དབང་པོ་ཉིད་བང་འགྲོ་བའི་མགོན།། ཆུའི་དབང་པོ་སྦྱིན་མདོག་ཅན།། འཇིག་རྟེན་མིག་དང་འཇིག་རྟེན་པ།། ཉིས་ཟླ་བ་ཐར་ཐུག་པ།
158a4 ནོར་ཆེན་རྒྱལ་པོ་ཆེན་པོ་སྟེ།། ལག་ནནེའུ་ལེ་རབ་གནས་པ།། གཞོན་ནུ་སང་གེ་ཏོག་ཅན་ཏེ།། གནོད་སྦྱིན་ཆེན་པོ་རྫུ་འཕྲུལ་ཆེ།། ཚིག་གི་བདག་པོ་བཞིན་འཛུམ་པ།། གསོང་པོར་སྙན་པར་སྒྲུབ་པོ།། བྲམ་ཟེ་འདོད་པའི་ལྕགས་ཀྱུ་སྟེ།། ཆ་བ
158a5 དོན་གྲུབ་གྲུབ་པས་མཆོད། ། རིག་སྔགས་འཆང་བ་འཁོར་ལོས་སྒྱུར།། ཀུ་བེ་ར་དང་མི་ལ་ཞོན།། བུམ་པའི་ལྟོ་ཅན་མིག་ཡངས་པ།། ལྷའི་དྲི་ལྡན་ཡིད་ལྟར་མགྱོགས།། ཁྱབ་བདག་བདེ་འབྱུང་ནོར་བཟངས་སྲས།། སེམས་ཅན་རྣམས་ནི་སྐྱོང་ལ
158a6 དགའ། ། འདོད་དགུར་བསྐུར་གཟུགས་ཡིད་ཀྱི་ལྷ།། ཅོད་པན་ཅན་དེ་རིགས་དགའ་བ།། གཡོན་ཕྱོགས་ཅོད་པན་ལགན་དབྱུག། ལག་པ་བརྒྱ་པ་སྟོབས་པོ་ཆེ།། ས་བརྒྱ་དབང་ཕྱུག་ལྷ་ཡུལ་པ།། ཟླ་བ་ཉ་བའི་ཞལ་མདོག་ཅན།། ད་དཔོན་ཚོགས་ཀྱི
158a7 བདག་པོ་སྟེ། ། གནས་བཏན་ཚོང་བ་སྒྲལ་བ་བཟང་།། ཡིད་བཞིན་ནོར་བུ་བུས་པ་བཟང་།། དཔག་བསམ་ལྗོན་ཤིང་མི་ཡི་བདག། མཆོག་དོན་འོས་པ་གཙོ་བ་སྟེ།། མཆོག་སྦྱིན་མིའ་ཐུང་ཁྱབ་འཇུག་པ།། སྐྱབས་འོས་བཀྲ་ཤིས་སུང་བ་པོ།། རིན་ཆེན།
158a8 ཕྲེང་བས་རྣམ་པར་བརྒྱན།། ལྷ་ཡི་སེང་གེའི་ཁྲི་ལ་བཞུགས།། བྱང་ཆུབ་སེམས་དཔའ་དཔལ་གྱི་བདེག། རབ་དུ་དར་བ་ནོར་མི་ཟད།། སེང་གེའི་རྩལ་གྱི་མཐུ་ཅལ་ཅན།། སྟོན་པ་འཇིག་རྟེན་གསུམ་ལས་རྒྱལ།། གཙོ་བོ་ཚང་པ་རིགས་ཀྱི
iiif viewer powered by OpenSeadragon
157b - 158b