| | e-texts navigator
|
157b1 བོ་སྐ་དུ། འཕགས་པ་གནོད་འཛིན་གྱི་མཚར་བརྒྱ་རྩ་བརྒྱད་པ། འཕགས་པ་གནོད་འཛིན་ལ་ཕྱག་འཚལ་ལོ།། དེ་ནས་གནོད་སྦྱིནི་འབྲོག་གནས་པོ།། གསེར་དག་གིས་ནི་ལེགས་པར་བརྒྱད།། རིན་ཆེན་གྱིས་ནི་རབ་མཛེས་ཤིང་།
157b2 མེ་ནི་ཤིན་ཏུ་འབར་འདྲ་བ། ལུང་ལོ་ཅན་དུ་ཞུགས་ནས་ཀྱང་།། གསང་བདག་རྡོ་རྗེ་འཆང་བ་ཡི།། ཞབས་གཉིས་ལ་ནི་རབ་འཇུས་ནས།། ཤིན་ཏུ་མཉམ་བཞག་དྲིས་པ་ནི། བཅོམ་ལྡན་གདོད་འཛིན་རྒྱལ་དབང་པོ།། གསང་སྔགས་ཚོགས
157b3 ནི་ཀུན་གྱི་བདག། རིག་སྔགས་འཆད་རྣམས་ཀུན་གྱིས་མཆོད།། ལྷ་དང་ལྷ་མིན་ཕྱག་བྱས་པ།། མ་རུངས་འདུལ་ལ་བརྩོན་པ་པོ།། བྱང་ཆུབ་སེམས་དཔའི་ཡོན་ཏན་ལྡན།། མགོན་པོ་སེམས་ཅན་ཀུན་དོན་མཛད།། སངས་རྒྱས་ཀུན་གྱི་གས
157b4 བ་འཛིན། ། སེམས་ཅན་རྣམས་ལ་ཕན་འདོད་པས།། སྙིང་རྗེས་དོད་པའི་ཡིད་ཀྱིས་སུ།། ཡང་དག་རྫོགས་པའི་བྱང་ཆུབ་ཕྱིར།། བདག་གིས་ཀྱང་ནི་སེམས་བསྐྱེད་དེ།། མི་རྣམས་ནོར་དེ་ཉུང་བ་དང་།། བསོད་ནཔས་ཆུང་ཞིང་དབང་ཆུད་བ།
157b5 མཐོང་ནས་སྡུག་བསྔལ་ཆེན་པོ་ཡིས།། རབ་ཏུ་གཟིར་ཏོ་གསང་བའི་བདག། དེ་ནས་གནོད་འཛིན་གྱིས་སྨྲས་ནས།། བཅོམ་ལྡན་གསང་བ་གསང་བའི་བདག། སྙིང་རྗེས་ནོན་ཏེ་སྨྲས་པ་ནི།། ལེགས་པར་ཉོན་ཅིག་གསང་བ་པོ།། མགོར
157b6 པོ་གནོད་འཛིན་དཔལ་དང་ལྡན། ། སེམས་ཅན་ཀུན་གྱི་དོན་བྱེད་པ།། དབུལ་པོའི་ཉོན་མོངས་སེལ་བ་པོ།། ནོར་རོ་ཅོག་གི་དབང་ཕྱུག་གི། མཚན་བརྒྱ་རྩ་བརྒྱད་བསོད་ནམས་ལྡན།། དབུལ་བའི་ཉེས་སྡི་གསེལ་བྱེད་པ།། གང་གའི་བྱེ
157b7 པའི་གྲས་སྐད་། ། རྒྱལ་བཆོག་རྣམས་ཀྱིས་སྔོན་གསུངས་པ།། འོད་ཟེར་བརྒྱ་བཞེས་པ་ཡི།། ཞིང་ནསངས་རྒྱས་ཀྱི་མ་ཡིན་ལ།། ཆོས་སྟོན་པན་བདག་གིས་ཀྱང་།། དེ་ནི་རང་གིས་སྔོན་ཐོས་ཏེ།། དབུལ་བྱས་པ་ཅིང་བསོད་ནམས
157b8 ལྡན། དན་བདག་གི་ཤེས་རབ་ཀྱིས།། སེམས་ཅན་ཀུན་དོན་བརྩོན་པ་པོ།། ཁྱོད་ལ་ལེགས་པར་བསྟན་པར་བྱ།། ཁྱོད་ནི་མཉམ་བཞག་རབ་ཏུ་ཉོན།། འཕགས་པ་ལྷ་དང་ལྷ་མིན་ཐ།། ཤེས་རབ་ལྡན་ཞིང་ཆོས་ལ་ནུས།། སྙིང་འི
iiif viewer powered by OpenSeadragon
157a - 158a