| | e-texts navigator
|
151b1 ཤེས་རབ་མཚུངས་མེད་ཤེས་རབ་ཅན།། དགེ་བ་རྣམ་དག་ས་དང་བྲལ།། ཆོས་གཅིག་ལས་བྱུང་སྣང་བ་པོ།། འཇིག་རྟེན་འདས་པའི་ཚུལ་ཆེན་ལགས།། འཇིག་རྟེན་སྣང་མཛད་སྨྲ་མཁས་པ།། འཇིག་རྟེན་ཆོས་ལས་རྣམ་པར་འདས
151b2 འཇིག་རྟེན་མཁྱེན་པའི་ཡོན་ཏན་བརྙེས། ། བརྒྱན་པར་མཛད་པ་དཀྱིལ་འཁོར་དག། ཉེས་པ་མ་ལུས་བསལ་བ་སྟེ།། ཕལ་ཆེན་སྐྱེ་བོ་ཀུན་ལ་ཕན།། ས་འཛིན་རྣམ་པར་གྲགས་པ་པོ།། ཀུན་མཁྱེན་ཁྱོད་ལ་ཕྱག་འཚལ་ལོ།། དགའ་མཁྱེན
151b3 དགའ་ལ་ལོངས་སྤྱོད་པ། ། དགའ་བའི་རིགས་མཆོག་རྣམས་ཀྱི་མཆོག། དགའ་བར་མཛད་པའི་རྟོག་པ་ཅན།། དགའ་ལ་སྣང་བ་ཁྱོད་ཕྱག་འཚལ།། སྒེག་ཆེན་འཇམ་ཞིང་དགོངས་པར་ལྡན།། རྣམ་པར་བསྒེག་ལ་སྤྱོད་པ་བརྟན།། རྡོ་རྗེ་རིག་པ
151b4 སྐྲག་པའི་མཆོག། སྒེག་ཆེན་ཁྱོད་ལ་ཕྱག་འཚལ་ལོ།། སངས་རྒྱས་བྱང་ཆུབ་སེམས་དཔའི་མཆོག། རྡོ་རྗེ་མཆོག་གི་དཀྱིལ་འཁོར་ཆེ།། ཐེག་པ་ཆེན་པོའི་ཚུལ་ལ་གནས།། བླ་མེད་མཆོག་ཁྱོད་ཕྱག་འཚལ་ལོ།། དགའ་བོ་བྱང་ཆུབ་སེམས
151b5 དཔའི་མཆོག། སྒྲིབ་པ་ཐམས་ཅད་སེལ་མཛད་ལ།། རྡོ་རྗེའི་དཀྱིལ་འཁོར་རྣམས་ཀྱིས་ནི།། མིང་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས།། རྡོ་རྗེའི་བསྟན་པ་རྣམ་གྲགས་པ།། བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས།། ཀྱེམ་འབྱོར་ཆེན་སྣང་བ་ཡི།། དཀྱིལ
151b6 འཁོར་རྒྱལ་བའི་དཀྱིལ་འཁོར་བ། ། གང་ཞིག་མིང་བརྒྱ་རྩ་བརྒྱད་པ།། འདི་དག་སོ་སོར་བརྗོད་བྱེད་ན།། ད་ནི་ཉེས་པ་ཀུན་ཟློག་ཅིང་།། རྟག་ཏུ་དེ་ཡི་ཕྱི་བཞིན་འབྲང་།། ནང་པར་ལངས་ནས་གཙང་མ་ཡི།། སྒྲིབ་པ་ཐམས་ཅད་སེལ་བ་ལ།།
151b7 ལྡན་གང་ཞིག་བསྟོད་བྱེད་པ།། དེ་ཡི་སྡིག་པ་མེད་པར་འགྱུར།། གང་ཞིག་མིང་བརྒྱ་རྩ་བརྒྱད་མཆོག། ནང་པར་ལངས་ནས་རྗོད་བྱེད་པ།། སྡང་བ་ཐམས་ཅད་དེ་དབང་འགྱུར།། བགགས་རྣམས་ཀྱིས་ཀྱང་ཡོངས་སུ་གཏང་།། སྡིག་པ་དག
151b8 པ་འཐོབ་པ་དང་། ། དེ་བཞིན་བསོད་ནམས་འཕེལ་བ་དང་།། ཡེ་ཤེས་རྒྱ་མཚོ་ལོངས་སྤྱོད་ཅིང་།། ས་ཆོག་ཆེན་པོ་ཐོབ་པར་འགྱུར།། གང་ཞིག་ངེས་པར་གནས་བྱས་ལ།། མིང་བརྒྱ་རྩ་བརྒྱད་མཆོག་འདོན་པ།། དེས་ནི་འབྱོར་ཆེན་སངས་རྒྱས
iiif viewer powered by OpenSeadragon
151a - 152a